ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱིས་དྭངས་གཙང་གི་རི་ཆུ་བསྐྲུན་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཀན་ལྷོ་ཁུལ་ཡོངས་ཀྱིས་གཏེར་རིའི་ཁོར་ཡུག་ལེགས་བཅོས་བྱས་པ་དང་། ཏང་སྲིད་དང་ཁེ་ལས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་དམ་འཛིན་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ནས། རྒྱུན་མཐུད་ངང་ཆེད་དམིགས་ལེགས་བཅོས་བྱ་འགུལ་སྤེལ་བ་དང་། མུ་མཐུད་དུ་སྒྲིག་བཅོས་བྱེད་ཤུགས་ཆེ་རུ་བཏང་བས། བེད་མེད་གཏེར་རི་རིམ་བཞིན་སྐྱེ་སྟོབས་ལྡན་པའི་དྭངས་གཙང་གི་རི་ཆུར་གྱུར།

གཏེར་རི་སྲུང་སྐྱོབ་ནི་གོ་སླ་ཡང་སྒྲུབ་དཀའ། བཙན་ཤེད་ཀྱི་གཅེས་སྐྱོང་བྱེད་ཐབས་མཚམས་བཞག་ནས། ཁེ་ལས་རང་ཐད་ཀྱིས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་བྱེད་ཐབས་ལ་ཤུགས་སྣོན་རྒྱུ་ནི་ཆེས་ལེགས་པའི་མགོ་རྩོམ་ས་ཞིག་ཡིན། གཙོས་གྲོང་ཁྱེར་མཛོ་རྫི་ཁོག་གསེར་གཏེར་བཟོ་གྲྭས་མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་མང་པོ་བཏང་སྟེ། གཏེར་རི་ནི་སྐྱེ་ཁམས་མཛེས་ལྗོངས་ཁུལ་ལྟར་འཛུགས་སྐྲུན་བྱས་པ་དང་། ཁེ་ལས་སྐར་རིམ་མགྲོན་ཁང་ལྟར་དོ་དམབྱས་ནས། ཧུར་ཐག་གིས་གནད་དོན་སོ་སོ་ཐག་བཅད་པས་ལེགས་བཅོས་མངོན་གསལ་ཐོབ།

2016ལོ་ནས་ད་ལྟའི་བར་དུ། མཛོ་རྫི་ཁོག་གསེར་གཏེར་བཟོ་གྲྭས་ཧུར་ཐག་གིས་སྐྱེ་ཁམས་རྣམ་པའི་ཁེ་ལས་འཛུགས་སྐྲུན་བྱས་ཤིང་། སྒོར་ཁྲི800ལྷག་བཏང་སྟེ་གཏེར་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་བས། ས་རྒྱུའི་སྤུས་ཚད་རིམ་བཞིན་ཇེ་བཟང་དུ་སོང་བ་དང་། སྤང་ཤུན་ཁེབས་ཚད་བསྐྱར་སྦོལ་ཚད་གཞི་ལ་ཐོན་ཞིང་སྐྱེ་ཁམས་ཁོར་ཡུག་རིམ་གྱིས་སླར་གསོ་ཐོབ།

མཛོ་རྫི་ཁོག་གསེར་གཏེར་བཟོ་གྲྭསགཏེར་ཁ་མཁོ་ཡང་དྭངས་གཙང་གི་རི་ཆུ་དེ་བས་ཀྱང་མཁོཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་རིག་ལམ་དམ་སྲུང་བྱས་པ་དང་། གཟབ་ནན་སྒོསཕྱོགས་གཅིག་ནས་ཐོན་སྐྱེད་དང་། ཕྱོགས་གཅིག་ནས་འཛུགས་སྐྲུན། ཕྱོགས་གཅིག་ནས་བསྐྱར་སྦོལབྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ནས། འཐུས་སྒོ་ཚང་བའི་སྒོ་ནསས་ཞིང་བསྐྱར་སྦོལ་ཇུས་འགོདགཏན་ལ་ཕབ་སྟེ་ ཇུས་གཞིའི་བླང་བྱ་ལྟར། གཏེར་དོང་གཏེར་ཁ་དང་གཏེར་སྙིགས་གསོག་མཛོད། འཚོ་ཁུལ་གསར་བ། གསར་འཛུགས་བཟོ་གྲྭའི་མཐའ་འཁོར་སོགས་སུ་ས་ཞིང་བསྐྱར་སྦོལ་བྱས།

མཛོ་རྫི་ཁོག་གི་འགྱུར་ལྡོག་ནི་ཀན་ལྷོའི་སྐྱེ་ཁམས་ཀྱིས་གཏེར་རིའི་ཁོར་ཡུག་སླར་གསོ་དང་གཅེས་སྐྱོང་ཕྱོགས་ནས་ཐོབ་པའི་གྲུབ་འབྲས་ནང་གི་བསྡུས་རིས་ཙམ་ཡིན། ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་སྔར་ལས་ལྷག་པར་འཕེལ་རྒྱས་གཏོང་བར་དམིགས་ནས། གཙོས་གྲོང་ཁྱེར་གྱིསསྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའིསྐྱེ་ཁམས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྐྱེ་ཁམས་རིག་གནས་འཛུགས་སྐྲུན་བྱ་རྒྱུ་དེ་བྱ་བ་ཨང་དང་པོར་བརྩིས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་གཉིས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཚང་མར་ཚུད་པར་བྱས་ཤིང་། དུས་གཏན་དུ་ཐོན་སྐྱེད་དང་འགན་འཁྲི་ལས་ཁོར་ཡུག་སྲུང་སྐྱོབ་གལ་ཆེ་བའི་ལྟ་བ་རྒྱུན་བསྐྱངས།

གཏེར་རི་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པ་ནི་ཁེ་ལས་ཁོ་ནར་བརྟེན་མི་རུང་སྟེ། སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ནི་ལྗང་མདོག་ཁོར་ཡུག་འཛུགས་སྐྲུན་བྱེད་པ་དང་ཁོར་ཡུག་སྤུས་ཚད་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་རྩ་བའི་ཁག་ཐེག་ཡིན་པས། སྲིད་གཞུང་དང་ཁེ་ལས་གཉིས་མཉམ་འབྲེལ་བྱས་ན་ད་གཟོད་དྭངས་གཙང་གི་རི་ཆུ་བསྐྲུན་ཐུབ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།