ཀྲུང་གོ་བོད་ཀྱི་དྲ་བ།

གཙོད་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཕྱི་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས།

ཡོང་ཁུངས། : ཀན་ལྷོ་ཉིན་རེ་ཚགས་པར།   རྩོམ་པ་པོ། : ཝང་མན་ཧེའེ།   སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས4ཉིན། གཙོད་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཕྱི་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས།

1546913396223507.jpg

མཛད་སྒོའི་སྟེང་གཙོད་གྲོང་ཁྱེར་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་སྣ་འཛོམས་དཔེ་སྟོན་ལས་གཞི་དངོས་འབེབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། གཙོད་གྲོང་ཁྱེར་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་འཐུས་ཚབ་པ་དང་ཞིང་སྡེ་གློག་རྡུལ་ཚོང་དོན་ས་ཚིགས་ཀྱི་འཐུས་ཚབ་པ་བཅས་ཀྱིས་བསམ་བློ་བརྗེ་རེས་དང་གཏམ་བཤད་སྤེལ། ཁུལ་ཚོང་དོན་ཅུའུ་ཡི་འགན་ཁུར་བས་ཤིས་ཚིག་ཕུལ་ཞིང་གཙོད་གྲོང་ཁྱེར་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཕྱི་ལྟེ་གནས་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་དུང་སྒྲ་དང་འབྲེལ་ཡོད་མི་སྣས“སྤྲིན་སྣེ་ཡི་གཙོད་གྲོང”ཞེས་པའི་རྫོང་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་སྤྱི་བའི་ཟོང་རྟགས་ཁྱབ་སྤེལ་བྱས།

1546913401161705.jpg

གཙོད་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཕྱི་ལྟེ་གནས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཚར་བ་དང་གཉེར་སྐྱོར་བྱེད་འགོ་ཚུགས་པ་ནི་དུས་ཡུན་རིང་བོར་གཙོད་གྲོང་ཁྱེར་གློག་རྡུལ་ཚོང་དོན་ཀྱི་སྤྱི་བའི་ཞབས་ཕྱི་ལ་རྟེན་གཞི་མེད་པ་དང་ཚད་བཀག་མང་བའི་རྣམཔ་བསྒྱུར་ཏེ་ལས་གཏོད་བྱེད་མཁན་རྣམས་ལ་ཞིང་ས་གཤིན་པོ་ཞིག་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས། ཐེངས་འདིའི་གཙོད་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་ཐོན་ལས་དེ་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེ་སྤྱི་བའི་དཔེ་སྟོན་ལས་གཞིའི་རྒྱབ་སྐྱོར་འོག་ད་གཟོད་དུས་རིམ་གསར་བ་ཞིག་ཏུ་སྐྱོད་པ་དང་གཙོད་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དུ་གཏོང་བར་གསོན་ཤུགས་གསར་བ་དང་འགུལ་ཤུགས་གསར་བ་བསྣན་པ་རེད། 

1546913406395768.jpg

1月4日,合作市电子商务公共服务中心正式启动运行。

1.jpg

启动仪式上,汇报了合作市电子商务进农村综合示范项目实施情况,合作市电商企业代表和农村电商站点代表作了交流发言,州商务局负责人致辞,合作市电子商务公共服务中心正式揭牌启动运行,物流配送车辆鸣笛发车,相关人员为“云端羚城”县域农产品公共品牌作了代言。

2.jpg

合作市电子商务公共服务中心的全面建成并启动运营,补齐合作市电商公共服务长期没有场所没有阵地的瓶颈和短板,为创业人员提供创业沃土和资源家园,标志着合作市电子商务产业在国家电子商务进农村综合示范项目的支持下进入新阶段,为合作的经济社会发展注入新活力、增添新动力。


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།