ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་སྤྱོད་ཞབས་ཞུའི་ལྟེ་གནས་དངོས་སུ་སྤྱོད་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1546913396223507.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་སྤྱོད་ཞབས་ཞུའི་ལྟེ་གནས་དངོས་སུ་སྤྱོད་འགོ་བརྩམས་པ་རེད།

འགོ་ཚུགས་མཛད་སྒོའི་སྟེང་། གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་ཞིང་སྡེའི་ནང་བསྐྱོད་དེ་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། གཙོས་གྲོང་ཁྱེར་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་འཐུས་མི་དང་ཞིང་སྡེའི་ས་ཚིགས་ཀྱི་འཐུས་མི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུའུ་ཡི་འགན་ཁུར་པ་བཅས་ཀྱིས་གཏམ་བཤད་གནང་། གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་སྤྱོད་ཞབས་ཞུའི་ལྟེ་གནས་དངོས་སུ་སྤྱོད་འགོ་བརྩམས་པ་དེས་རྫོང་ཁོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤྱི་པའི་ཟོང་རྟགས་ཇེ་བཟང་ཇེ་རྒྱས་སུ་འགྲོ་རྒྱུ་མཚོན་ཡོད།

1546913401161705.jpg

1546913406395768.jpg

གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་སྤྱོད་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ནས་བཙུགས་པ་དང་དངོས་སུ་སྤྱོད་འགོ་བརྩམས་པ་དེས་གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྤྱི་སྤྱོད་ཞབས་ཞུར་དུས་ཡུན་རིང་བོར་སྤེལ་གནས་མེད་པར་ཁ་གསབ་བྱས་པ་དང་། ལས་གཏོད་མི་སྣར་ལས་གནས་གསར་གཏོད་ཀྱི་ས་རྒྱུ་བཟང་བོ་དང་ཐོན་ཁུངས་འདོན་སྤྲོད་བྱས་ཡོད། རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་གཙོས་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་ཐོན་ལས་དེ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་ཡོད་པ་དག་གིས་གཙོས་གྲོང་ཁྱེར་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་གསོན་ཤུགས་གསར་བ་དང་། སྒུལ་ཤུགས་གསར་བ་བསྣན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།