ཀན་ལྷོ་ཁུལ་གྱི་སྡེ་ཁག་མང་བོས་མཉམ་འབྲེལ་སྒོས་ཞིང་བ་ལས་མིའི་གླ་ཕོགས་ཆད་འགྱངས་གནད་དོན་ཐག་གཅོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་དང་གཙོས་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁང་དང་སྤྱི་བདེ་ཅུས། གཙོས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱིས“ཞིང་བ་ལས་མིའི་ཆད་འགྱངས་གླ་ཕོགས་སྤྲོད་པའི་མཛད་སྒོ”སྤེལ་ཏེ། གཙོས་གྲོང་ཁྱེར་གྱི་ཨར་ལས་འཛུགས་སྐྲུན་ལས་གཞི་ཞིག་གིས་ཞིང་བ་ལས་མི100ལྷག་ལ་ཆད་འགྱངས་བྱས་པའི་གླ་ཕོགས་སྒོར་ཁྲི125སྤྲད་པ་རེད།

2018ལོའི་ཟླ11པའི་ཟླ་དཀྱིལ་དུ། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མཉམ་འབྲེལ་བྱ་བྱེད་ཚན་ཆུང་བཙུགས་ནས། “དབུལ་ཕོངས་ཞིང་བ་ལས་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་ཐོར་འགོད་པའི་ཆེད་དོན་བྱ་འགུལ”སྤེལ། 2018ལོ་ནས་བཟུང་། གཙོས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་པ་སྤྱི་བདེ་ལས་ཁུངས་ལ་སྐྱེལ་རུང་ཐོར་མ་འགོད་པའི་གྱོད་དོན་ཡོད་པས། གྱོད་གཞི་སྒྲུབ་མཁན་དང་བཞུགས་མོལ་དང་། དོ་བདག་དང་ཁ་ཆད་གྲོས་མོལ་བྱས་ཤིང་། གྱོད་དོན་ཡིག་ཚགས་ཀློག་བཤེར་བྱས་པ་བརྒྱུད། དེའི་ཁྲོད་ཀྱི་གྱོད་དོན་གཉིས་ལ་ལྟ་སྐུལ་ཐོ་འགོད་བྱས། མིག་སྔར། ཨར་ལས་འཛུགས་སྐྲུན་ལས་གཞི་དེས་དངུལ་སྒྱུར་དང་ལག་དངུལ་སྤྲོད་པ་སོགས་ཀྱི་རྣམ་པས་ཞིང་བ་ལས་མིའི་ཆད་འགྱངས་གླ་ཕོགས་སྒོར་ཁྲི280སྤྲད།

ཀན་ལྷོ་ཁུལ་གྱི་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགོ་ནས་མཇུག་བར་དུ་ཞིང་བ་ལས་མིའི་ཁེ་དབང་འགན་ལེན་བྱ་བའི་གཙོ་གནད་དུ་བཞག་ནས། ད་ལོའི“དབུལ་ཕོངས་ཞིང་བ་ལས་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་ཐོ་འགོད་བྱེད་པའི་ལྟ་སྐུལ་ཆེད་དོན་བྱ་འགུལ”སྤེལ་བའི་བརྒྱུད་རིམ་ཁྲོད། ཀན་ལྷོའི་དོན་དངོས་གནས་ཚུལ་དང་འབྲེལ་ནས། ཐབས་ལམ་སྣ་ཚོགས་བརྒྱུད་དེ། ཞིང་བ་ལས་མིའི་ཆད་འགྱངས་གླ་ཕོགས་ལག་ཏུ་ཐོབ་པར་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།