ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་དྲན་གསོ་དང་ལོ་གསར་བ་བསུ་བའི་མཉམ་གཞས་འགྲན་བསྡུར་སྤེལ་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་རིག་གནས་རྒྱང་སྒྲོག་གསར་འགྱུར་ཅུས་དང་མཉམ་འབྲེལ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་དྲན་གསོ་དང་ལོ་གསར་བ་བསུ་བའི་མཉམ་གཞས་འགྲན་བསྡུར་སྤེལ་བ་རེད། 

འགྲན་བསྡུར་གྱི་ཁྲོད་དུ། འགྲན་ཞུགས་རུ་ཁག་སོ་སོས་གྲ་སྒྲིག་ལེགས་པོ་དང་ཞིབ་ཚགས་ཀྱིས་སྒྲིག་སྦྱོང་བྱས་རྗེས། སྤྲོ་སེམས་འཁོལ་བའི་ངང་ནས་གར་སྟེགས་སུ་ཐོན། 《བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པ།》《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད།》《མེས་རྒྱལ་གྱི་བསྟོད་པ།》《ཡང་བསྐྱར་རི་གླུ་བླངས་ནས་ཏང་ལ་འབུལ》སོགས་རྣ་བར་སྙན་ཞིང་བརྗིད་ཉམས་ལྡན་ལ། མི་སེམས་འགུལ་བའི་གླུ་གཞས་གྲགས་ཅན་དག་རེས་མོས་ངང་བླངས། སྐད་གསང་མཐོན་པོའི་གླུ་སྐད་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཏང་གི་གཅེས་སེམས་དང་མེས་རྒྱལ་གྱི་སྨོན་འདུན་མཚོན་ཞིང་། ཀན་ལྷོའི་མི་དམངས་ཀྱི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལེའུ་གསར་བ་དྲིལ་བསྒྲགས་བྱས་ཏེ། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དམ་པ་དོན་གཉེར་གྱིས་གསར་གཏོད་བྱེད་པའི་བསམ་པའི་ཉམས་འགྱུར་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་མཚོན།

ཆེས་མཇུག་མཐར། ཁུལ་སྤྱི་བདེ་ཅུས་ཀྱིས་བླངས་པའི 《རི་ཀླུང》དང 《ཀྲུང་གོ་མི་དམངས་ཉེན་རྟོག་པའི་ཉེན་རྟོག་གླུ་དབྱངས》ཀྱིས་འགྲན་བསྡུར་ཆེན་པོའི་ཁྲོད་ནས་ཨང་དང་བོ་བླངས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།