ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ཏེ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་དང་དོན་འཁྱོལ་བྱེད་པའི་བྱ་བར་སྐུལ་སྤེལ་གཏོང་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན་དང་ཞུས་ཆང་། ཧོ་མོའུ་པའོ། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན། དབྱང་ཅུན། ཧྲི་ཀྲན་ལིའང་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་ཁུལ་སྒྲིག་ཁྲིམས་ཨུ་དང་ལྟ་སྐུལ་ཨུ། ཁུལ་ཨུའི་རྩ་འཛུགས་པུའུ་སོགས་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་སྐོར་ཞིབ་སྒྲིག་བཅོས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། གཙོས་གྲོང་ཁྱེར་ཏང་ཨུ་དང་བསང་ཆུ་རྫོང་ཨུས་སྐོར་ཞིབ་སྒྲིག་བཅོས་བྱས་པའི་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

མིག་སྔའི་བར་དུ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པས་ཀན་ལྷོར་སྐོར་ཞིབ་བྱས་ནས་ཕྱིར་ལྡོག་བྱས་པའི་གནད་དོན77སྒྲིག་བཅོས་བྱས་ནས52དོན་ཐོག་ཏུ་འཁྱོལ་བ་དང 25སྒྲིག་བཅོས་བྱེད་བཞིན་ཡོད། དེའི་ཁྲོད་ཀྱི་གནད་དོན12ཁུལ་དང་རྫོང་གི་ལས་ཁུངས་བཅོས་སྒྱུར་དང་མི་དོན་བྱ་བ་དང་འབྲེལ་བས། ལས་ཁུངས་བཅོས་སྒྱུར་བྱས་རྗེས་ལེགས་འགྲུབ་འབྱུང་ངེས་རེད།

ཡུས་ཁྲིན་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་དོན་འཁྱོལ་དམ་པོ་བྱེད་པ། དེ་ནི“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“སྲུང་སྐྱོང་གཉིས”ལག་ལེན་དུ་བསྟར་བ་ཡིན་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བའི་ནང་ངེས་ཀྱི་བླང་བྱ་བརྟན་པོར་སྐུལ་བ་ཡིན་པ་དང་། ཀན་ལྷོའི་བོད་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད། འཕེལ་རྒྱས་འབྱུང་བ་དང་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་བའི་ཁག་ཐེག་ཡིན་ལ། ངེས་པར་ལེགས་འགྲུབ་འབྱུང་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། སྤུས་ཚད་མཐོན་པོའི་སྒོ་ནས་སྒྲིག་བཅོས་བྱ་བ་ལེགས་འགྲུབ་འབྱུང་བར་སྐུལ་བ་དང་སྒྲིག་བཅོས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ། ཕྱོགས་ཡོངས་ནས་སྒྲིག་བཅོས་བྱ་བ་ལེགས་པར་འགྲུབ་དགོས་ཞེས་བསྟན།

ཡུས་ཁྲིན་ཧུའེ་ཡིས་སྐོར་ཞིབ་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་ཀྱི་བྱ་བ་དམ་པོར་བཟུང་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བས་བཀོད་སྒྲིག་དང་འདྲི་གཅོད། རྒྱུན་མཐུད། ལྟ་སྐུལ་བཅས་བྱས་ནས་སྒྲིག་བཅོས་བྱ་བ་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱེད་པའི་བྱ་བ་དམ་པོ་འཛིན་པ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་ཀྱི་གོ་རྟོགས་ཀྱི་དངོས་ཡོད་བརྟག་བཤེར་ཞིག་ཡིན་ལ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ལུགས་སྲོལ་བརྩི་སྲུང་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཡིན། ནན་ཏན་སྒོས་བཀོད་སྒྲིག་བླང་བྱར་གཞིགས་ནས་ཕྱོགས་ཡོངས་ནས་སྐོར་ཞིབ་སྒྲིག་བཅོས་དོན་འཁྱོལ་བྱེད་པ་དང་ཏང་དང་ཁུལ་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམས་པའི་འབྲས་བུ་ཞིག་འབུལ་དགོས་ཞེས་ནན་གྱིས་བསྟན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།