ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གཙོ་ནུས་ཁུལ་ལེགས་སྒྲིག་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་བོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གཙོ་ནུས་ཁུལ་ལེགས་སྒྲིག་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་བོ་བསྡུས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཀན་ལྷོ་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ཏུ་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་པའི་གོམ་སྟབས་རྗེས་མའི་བྱ་བ་ཞིབ་འཇུག་བྱས་ཤིང་། ཁུལ་ནགས་ལས་ཅུས་ཀྱི་འགན་ཁུར་བས་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་པའི་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་བརྡ་ཁྱབ་སྤེལ་ཞིང་། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་ལེགས་སྒྲིག་གི་འབྲེལ་ཡོད་སྲིད་གཞུང་གི་འགན་ཁུར་བས་གནས་ཚུལ་ཞུས།

ཀྲའོ་ལིན་ཡུན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་པའི་བྱ་བ་ནི་དབུལ་སྐྱོར་མཁྲེགས་གཏོར་གྱི་དགེ་མཁོ་ཡིན་ལ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་པ་དང་བོད་ཁུལ་གྱི་སྤྱི་ཚོགས་རྒྱུན་མཐུད་ངང་གཏན་འཇགས་ཡོང་བ་་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡང་ཡིན། རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་པའི་རྫོང་སྲིད་གཞུང་ནི་འགན་འཁྲིའི་ལས་ཁུངས་ཡིན་པའི་ཆ་ནས་གཙོ་འགན་ཁུར་མཁན་གྱིས་དངོས་གནས་འགན་ཁུར་བ་དང་འགན་འཁྲི་དོན་འཁྱོལ་བྱས་ནས། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་རང་སྒུལ་ངང་བྱ་བར་རམ་འདེགས་བྱས་ནས་བྱ་བའི་མཉམ་ཤུགས་བསྐྲུན་དགོས། རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ལས་ཁུངས་ཀྱིས་འགན་འཁྲི་ཁུར་ནས་རྫོང་སྲིད་གཞུང་དང་མཉམ་དུ་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་པའི་བྱ་བ་ལེགས་པར་བསྒྲུབས་ནས་དངོས་གནས་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་པའི་བྱ་བར་སྐུལ་སྤེལ་གཏོང་དགོས་ཞེས་བཤད། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།