ཀྲུང་གོ་བོད་ཀྱི་དྲ་བ།

བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་བསང་ཆུ་རྫོང་ནས་ཚུར་སྣང་ལེགས་པོ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ལས་རིགས་སོ་སོ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་། མང་ཚོགས་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུས།

བླ་བྲང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རི་རེན་ཙའེ་ཡིས་བཤད་པར། ཤང་གྲོང་གི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་བཅོས་སྒྱུར་སྒོ་འབྱེད་ཁྲོད་བྱས་རྗེས་རླབས་ཆེན་བཞག་པའི་མི་སྣར་སློབ་སྦྱོང་བྱ་དགོས་ལ། ཕུ་རུང་ཡར་བརྫེས་ནས་ལས་ལ་བརྩོན་ཏེ་དབུལ་སྐྱོར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། “ལྗང་མདོག་གི་བསང་ཆུ་དང་རིག་གནས་ཀྱི་བསང་ཆུ། ཡིད་དབང་འཕྲོག་པའི་བསང་ཆུ། འཆམ་མཐུན་གྱི་བསང་ཆུ། བདེ་སྐྱིད་ལྡན་པའི་བསང་ཆུ”བཅས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འབུལ་དགོས།

ད་ལོ་ལོ56ཡིན་པའི་བླ་བྲང་གྲོང་རྡལ་རྒྱོའུ་རྒྱ་སྲིད་འཛིན་སྡེ་བའི་དཔོན་ཚང་སྡེ་བ་དང་བོའི་སྡེ་དཔོན་ཀླུ་འབུམ་གྱིས་བཤད་རྒྱུར། བཅོས་སྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་ལ་བརྟེན་ནས་ལོ་འདི་དག་གི་རིང་ལ་ང་ཚོའི་སྡེ་བའི་ནང་དུ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་གོང་དུ་འཕེལ་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དང་ཁོར་ཡུག་གཙང་ཞིང་གྲ་དག་པ། འཚོ་བ་བདེ་ཞིང་སྐྱིད་པར་འདུག

བསང་ཆུ་རྫོང་ཨུའི་ཆ་འཕྲིན་ཅན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཆིན་ཧུང་གིས་བཤད་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ40རིང་ལ། བསང་ཆུ་རྫོང་གི་རོང་འབྲོག་པ་མང་ཚོགས་དབུལ་བོ་དང་རྗེས་ལུས་ནས་ཐར་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ངས་ཀྱང་དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བསང་ཆུ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།