ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱིས་མཉམ་སྒུལ་ལམ་སྲོལ་བཙུགས་ནས་ཞིང་པ་ལས་མིའི་ཁེ་དབང་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ངལ་རྩོལ་འགན་ལེན་ལྟ་བཤེར་ཅུས་ཀྱིས《མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ངལ་རྩོལ་འགན་ལེན་ལྟ་བཤེར་གྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་དེ་ཤུགས་སྒྲིལ་རོགས་ལས་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས2020ལོར་སླེབས་སྐབས་ཞིང་ཆེན་གཉིས་པོའི་ཞིང་པ་ལས་མིའི་གླ་ཕོགས་སྤྱིར་ན་འགྱངས་ཆད་མི་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་དེའི་ཐོག་ཞིང་ཆེན་གཉིས་ཀྱིས་ཐུན་མོང་ཐོག་ངལ་རྩོལ་འགན་ལེན་ཆ་འཕྲིན་མཉམ་སྤྱོད་དང་ངལ་རྩོལ་འགན་ལེན་ལྟ་བཤེར་དང་ཞིབ་བཤེར་སོགས་མཉམ་ལས་ལམ་སྲོལ་ཁག6བཟོས་ནས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་བོར་བྱས་ཏེ་ངལ་རྩོལ་ལས་མི་སྤྱོད་པའི་ཁྲིམས་འགལ་ཆ་འཕྲིན་མཉམ་སྤྱོད་བྱས་ནས་ཞིང་ཆེན་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་གླ་ཕོགས་འགྱངས་ཆད་གནད་དོན་གྱི་མཐུན་སྦྱོར་ལྟ་འདོམས་དང་མཉམ་འབྲེལ་ཐོག་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་འགན་ལེན་གྱི་ཁེ་ཕན་ནུས་པ་ཡུལ་གཞན་དུ་ཐོན་ཐུབ་པ་བྱེད་པའི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་ངལ་རྩོལ་འགན་ལེན་ལྟ་བཤེར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ངལ་རྩོལ་འགན་ལེན་ལྟ་བཤེར་ལས་སྒོའི་ཆུ་ཚད་དང་དཀའ་གནད་ཆེ་བའི་གྱོད་དོན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ནས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཕོགས་ཀྱི་གྱོད་གཞི་ཐག་གཅོད་བྱེད་པའི་དུས་ཚོད་ཐུང་དུ་དང་ཕན་འབྲས་དེ་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་དེས་ཞིང་ཆེན་གཉིས་པོའི་ངལ་རྩོལ་འབྲེལ་བ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཐུབ་པ་དང་ཁེ་ལས་ཁ་དན་ཚིག་གནས་དང་ཁྲིམས་མཐུན་གཉེར་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།