ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་གདེང་ཚོད་བརྟན་དུ་བཏང་སྟེ།། འཆམ་མཐུན་ཁྱིམ་གཞིས་ལེགས་པར་བསྐྲུན་པ།།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ---རྒྱལ་ཡོངས་བོད་ཁུལ་གྱི་ཀྲུང་གོའི་ཆ་ཡིག་རིག་གནས་ཀྱི་རྫོང་དང་པོས་ཆ་ཡིག་རིག་གནས་གོང་འཕེལ་གཏོང་བའི་ཆེད་བྲིས། 

འབྲུག་ཆུ་རྫོང་གི་ཆ་ཡིག་རིག་གནས་འཚོལ་ཞིབ་ཐད་ཁྱད་ཆོས་མང་བོ་མངོན་པ། 

2015ལོར་འབྲུག་ཆུ་རྫོང་ལ་ཀྲུང་གོའི་ཆ་ཡིག་རིག་གནས་ལྷན་ཚོགས་ཀྱིས“ཀྲུང་གོའི་ཆ་ཡིག་རིག་གནས་རྫོང་དང་བོར”བདམས། རྒྱལ་ཡོངས་བོད་ཁུལ་གྱི་ཀྲུང་གོའི་ཆ་ཡིག་རིག་གནས་རྫོང་དང་པོར་གྱུར་པ་ནས་བཟུང་།  ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ཐོན་ཁུངས་ལ་དམིགས་ནས།  ཆ་ཡིག་རིག་གནས་དེ་དམངས་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད།  མི་རིགས་མཉམ་འདྲེས།  དཔལ་འབྱོར་གོང་འཕེལ།  མཁར་གྲོང་འཛུགས་སྐྲུན་དང་རིག་གནས་རྒྱུན་འཛིན་བཅས་ཀྱི་ཕྱོགས་སུ་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།

ཆ་ཡིག་གི་ཁྱད་ཆོས་མི་གཅིག་པའི་སྡེ་བ་གསུམ།  འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་གྱི་ཐུའུ་ཆའོ་སྡེ་བ་ནི་འབྲུག་དཀར་གཙང་བོའི་འགྲམ་དུ་གནས་ཡོད་པ་དང་།  ཏ་ཁྲོན་གྲོང་རྡལ་སྲིད་གཞུང་གི་གནས་ཡུལ་ཡིན་ལ།  གནམ་གཤིས་ཚ་གྲང་རན་པ་དང་ས་གནས་ཀྱི་བབ་བཟང་མངོན་པ།  ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རོགས་སྐྱོར་དཔེ་སྟོན་སྡེ་བ་ཡང་ཡིན།  ཐུའུ་ཆའོ་སྡེ་བའི་རིག་གནས་ཁྱད་ཆོས་ནི“རྒུན་འབྲུམ་ཆ་ཡིག་ཁྱམས་རིང”ཡིན་ལ།  ཐུའུ་ཆའོ་སྡེ་བས་རྒུན་འབྲུམ་འདེབས་ཚུལ་ཡུལ་གཞན་དང་མི་འདྲ་ལ།  ས་གནས་གཞན་པ་ལྟར་རྨོ་ཞིང་ནང་དུ་བཏབས་མེད་ཅིང་།  རང་ཁྱིམ་གྱི་ཁང་བའི་མཐའ་སྐོར་དང་གཞུང་ལམ་གྱི་འགྲམ་གཉིས་སུ་བཏབས་པ་དང་། སྨི 800ཡི་རྒུན་འབྲུམ་ཁྱམས་རིང་ཞིག་ཆགས་སུ་བཅུག་སྟེ།  རྒུན་འབྲུམ་ཁྱམས་རིང་འགྲམ་གཉིས་སུ་ཐུའུ་ཆའོ་སྡེ་བའི་ཁྱད་ཆོས་མངོན་པའི་ཆ་ཡིག་བརྒྱ་ལྷག་བརྐོས་ཏེ།  རྒུན་འབྲུམ་དང་ཆ་ཡིག་གཉིས་སྤེལ་ཟླ་བྱས་ནས་ཧ་ཅང་མཛེས་པའི་ཡུལ་ལྗོངས་ཤིག་ཆགས་སུ་བཅུག  ཆུ་བར་ཤང་གི་ལིན་པ་སྡེ་བའི་ཆ་ཡིག་གི་ཁྱད་ཆོས་ནི་རྫོང་གིས་གཅིག་གྱུར་གྱིས་རྩ་འཛུགས་བྱས་ཏེ།  སྡེ་བ་དེའི་ཁྱིམ་ཚང 57 ལ་ཁྱིམ་ཚང་རེའི་ལས་རིགས་ཁྱད་ཆོས་ལྟར་ཆ་ཡིག་བྲིས་ནས་ཁྱིམ་རེའི་སྒོ་ཆེན་དུ་སྦྱར།  ཆ་ཡིག་དེ་དག་གོ་སླ་བ་དང་སྡེ་བའི་འཚོ་བའི་ཁྱད་ཆོས་ལྡན་པས། མང་ཚོགས་ཀྱི་སེམས་གཏིང་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། འགོ་གཙོ་པ་སྡེ་བར་བསྡོམས་པས་མི 796 ཡོད་པ་དང་གཙོ་བོ་བོད་རིགས་མང་ཆེ་བ་ཡིན་ལ། སྡེ་བ་དེར་ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲུང་གོའི་ན་གཞོན་དྲ་བ་བཅས་རྒྱལ་ནང་གི་སྨྱན་བྱད་ཆེ་གྲས་དག་གིས་རྒྱ་ཁྱབ་ཏུ་གསར་འགོད་བྱེད་དང་བྱེད་བཞིན་ཡོད་པ་དང་། སྡེ་བའི་སྒོ་ཆེན་ནང་དུ་འཛུལ་ཚེ། ཁྱད་པར་ཅན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆ་ཡིག་གིས་སྡེ་བ་དེའི་རྣམ་པ་དེ་བས་མཛེས་པར་བཏང་།

འབྲུག་ཆུའི་ཆ་ཡིག་ཕྱོགས་གང་ཐད་ནས་ཀྱང་མངོན་པར་གྱུར། འབྲུག་ཆུ་རྫོང་མཁར་གྱི་སྲང་ལམ་ནི་ཀྲུང་གོའི་ཆ་ཡིག་རིག་གནས་སྲང་ལམ་དང་བོར་གྱུར་པ་དང་། ཚུའེ་ཧྥུན་རི་བོ་ཡུལ་ལྗོངས་ཀྱི་ཆ་ཡིག་རིག་གནས་ཀྱིས་ཡུལ་ལྗོངས་སྒྱུ་རྩལ་གྱི་ཆུ་ཚད་མཐོར་འདེགས་བཏང་ཞིང་། འབྲུག་ཆུའི་ཤར་གྱི་སྒོ་ཆེན་ལིའང་ཧོ་ཁོའུ་ནས་ནུབ་ཀྱི་སྒོ་ཆེན་ནག་ཆུ་ལུང་བའི་ལམ་རྒྱུད་དུ་ཆ་ཡིག་སྤྱི་གླིང་དང་ཆ་ཡིག་སྡེ་བ། ཆ་ཡིག་འགྲེམ་སྟོན་ཁང་། ཆ་ཡིག་ཁྱམས་རིང་བཅས་ཀྱིས་འབྲུག་དཀར་གཙང་བོ་སྟེང་དུ་མུ་ཏིག་རིང་བོ་ཞིག་སྦྱར་ཡོད་པ་དང་གཉིས་སུ་མ་མཆིས། དེ་ནི་རྒྱལ་ཡོངས་སུ་གཞི་ཁྱོན་ཆེས་ཆེ་བའི་ཆ་ཡིག་མཛེས་ལྗོངས་སུ་གྱུར།

དུས་ཆེན་རེ་རེར་རིགས་སྣ་ཚོགས་ཀྱི་ཆ་ཡིག་བྱ་འགུལ་སྤེལ་བཞིན་ཡོད་པ། ལོ་སར་སྐབས་སུ་བོད་རྒྱ་ཡིག་གཉིས་ཀྱི་འོས་འགན་ཆ་ཡིག་འབྲི་བའི་བྱ་འགུལ་མང་བོ་སྤེལ་བ་དང་། རྒྱ་ལོའི་བཅོ་ལྔའི་སུང་ཕུན་ཆ་ཡིག་ལྒང་ཞུའི་དུས་ཆེན།  འབྲུག་ཆུའི་དམངས་སྲོལ་ཆ་ཡིག་རིག་གནས་དུས་ཆེན་སོགས་དུས་ཆེན་རིགས་སྣ་ཚོགས་ཡོད།  དེ་ལས་གཞན་ཆ་ཡིག་རིག་གནས་དེ་སློབ་གསོའི་གཞི་སར་སྐུལ་འདེད་བཏང་སྟེ་འབྲུག་ཆུའི་ཆ་ཡིག་རིག་གནས་བཀོལ་སྤྱོད་ཁྱབ་གདལ་དུ་བཏང་བ་དང་རིག་གནས་རྒྱུད་འཛིན་རང་འགུལ་ཅན་དུ་གྱུར་པས།  འབྲུག་ཆུའི་ཆ་ཡིག་རིག་གནས་ཀྱི་རིན་ཐང་མི་རྣམས་ཀྱིས་རིམ་བཞིན་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ།  རྒྱ་ལོའི་བཅོ་ལྔའི་སུང་ཕུན་ཆ་ཡིག་ལྒང་ཞིའི་དུས་ཆེན་དེ་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སུ་གཏན་ཁེལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།