ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གི་གནད་ཁེལ་ལྟ་ཞིབ་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་འགན་སྲུང་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཅོ་ནེ་རྫོང་སྒྲིག་ཨུ་དང་ལྟ་ཞིབ་ཨུས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་དང་ཚུལ་མིན་ལུགས་མིན་གྱི་བྱ་བར་དམ་པོར་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། གནད་ཁེལ་ལྟ་ཞིབ་ལག་བསྟར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་འགྲུབ་འབྱུང་བར་སྟོབས་དང་ལྡན་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་སྲུང་མཁོ་འདོན་བྱས།

གནད་འགག་མངོན་གསལ་བྱས་ཏེ་ཁུངས་སྣེ་ལ་ཞིབ་བཤེར་ནན་མོ་བྱས་པ། དབུལ་སྐྱོར་ཁྱབ་ཁོངས་ལ་ལྟ་སྐུལ་ལག་བསྟར་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཚོགས་པ་དང་། དབུལ་སྐྱོར་ཁྱབ་ཁོངས་སུ་ཞུ་གཏུགས་ཐེར་འདོན་བྱེད་པར“ལྗང་མདོག་བགྲོད་ལམ”སྒོ་འབྱེད་བྱས་ཤིང་། གནད་དོན་གྱི་ཁུངས་སྣེ་རྩད་ཞིབ་རྩིས་ཐོ་བཟོས་ནས། མགྱོགས་མྱུར་སྒོས་དཔྱད་ཞིབ་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་རེ་རེར་འོས་འཚམ་གྱིས་ཐག་གཅོད་ནན་མོ་བྱེད་པ་ཁག་ཐེག་བྱས། ཁྱབ་ཁོངས་གཙོ་བོའི་བདག་སྐྱོང་ལ་དམ་པོར་དམིགས་ནས།  བྱ་བ་རྫུན་མ་ལས་པ་དང་། “གྲངས་ཀའི་དབུལ་ཐར”སྤེལ་བ། འགན་མི་ཁུར་བ་དང་གང་འདོད་དུ་སྒྲུབ་པ་སོགས་ཀྱི་དཔེ་མཚོན་གནད་དོན་ལ་རྩད་ཞིབ་ནན་མོ་བྱས་པ་དང་བརྡ་ཁྱབ་སྤེལ་ཤུགས་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཆབ་སྲིད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཞིང་། འགན་འཁྲི་རྩད་གཅོད་ནན་མོ་དང་འགན་ཁུར་ཤུགས་ཇེ་དྲག་ཏུ་བཏང་ནས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཚུལ་མིན་ལུགས་མིན་དང་རུལ་སུངས་གནད་དོན་རྩད་ཞིབ་མཐའ་འཁྱོངས་བྱས་པ་དང་། ཆད་གཅོད་ནན་མོ་བྱས་ནས་གུ་ཡངས་སུ་མ་བཏང་བར། མུ་མཐུད་དུ་དཔེ་མཚོན་གྱི་གྱོད་གཞི་བརྡ་ཁྱབ་རྒྱ་ཆེར་སྤེལ་ནས་འཇིགས་སྐུལ་གྱི་རྣམ་པ་ཞིག་ཆགས།

ཟླ10བའི་ཟླ་མཇུག་ཐུག་བར་དུ། རྫོང་དང་ཤང་སྒྲིག་ཨུས་བསྡོམས་པས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན62ཐག་བཅད་པ་དང་ན་ནིང་གི་དུས་མཚུངས་ལས91.94%འཕར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།