ཀྲུང་གོ་བོད་ཀྱི་དྲ་བ།

ཏང་འཛུགས་ཁྲིད་སྟོན་གྱིས་དབུལ་ཐར་བྱ་བར་འདེགས་སྐྱོར་དང་གནད་ཁེལ་ཤུགས་འདོན་གྱིས་ལོ་ལེགས་འབྱུང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་མ་ངེ་སྡེ་བའི་ཨ་སཱ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་དཀོན་མཆོག་དོན་གྲུབ་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ནས་ཤང་གི་སུའུ་ཧྲུའུ་ཅིའི་ལག་པར་འཇུས་ནས“གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་པས་ད་ལོར་ལོ་ལེགས་འབྱུང་བར་བཀའ་དྲིན་ཞུ”ཞེས་བཤད།

ད་ལོ་ནས་བཟུང་། མ་ངེ་གྲོང་རྡལ་གྱིས་ཧུར་ཐག་གིས་ཞིང་སྡེའི“བསྒྱུར་གསུམ”བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། དུས་འགོའི་རྟོག་ཞིབ་བརྒྱུད་དེ། མ་ངེ་སྡེ་བའི་ཨ་སཱ་འདེབས་འཛུགས་གསོ་སྤེལ་ཞིང་བའི་ཆེད་ལས་མཉམ་ལས་ཁང་དེ་མ་ངེ་གྲོང་རྡལ་གྱི་ཞིང་སྡེའིབསྒྱུར་གསུམ”བཅོས་སྒྱུར་གྱི་ཚོད་ལྟ་བྱ་ཡུལ་དུ་བཟུང་ནས། ཧུར་ཐག་གིས“བསྒྱུར་གསུམ+”གྱི་མ་དཔེ་ཁྱབ་གདལ་དུ་བཏང་བ་དང་། དབུལ་ཕོངས་ཁྱིམ་ཚང་ཐད་ཀར་ཞུགས་ཐུབ་པའི་བབ་བཟང་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ཏེ། “གཞན་བརྟེན”དེ“རང་བརྟེན”དུ་བསྒྱུར། གྲོང་རྡལ་གྱིས་དབུལ་ཕོངས་ཁྱིམ་ཚང་ལ་དམིགས་ཏེ། “ཏང་ཡོན+སྡེ་བའི་ལས་བྱེད་པ+དབུལ་ཕོངས་ཁྱིམ་ཚང”གི་རོགས་སྐྱོར་མ་དཔེ་བཏོན་པ་དང་། ཏང་གི་འཛུགས་སྐྲུན་གྱི་ཁྲིད་སྟོན་དང་། ཞིང་སྡེའི“བསྒྱུར་གསུམ”བཅོས་སྒྱུར་གྱི་བྱ་བར་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ཁང་གི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་།

མ་ངེ་སྡེ་བའི་ཨ་སཱ་འདེབས་འཛུགས་གསོ་སྤེལ་མཉམ་ལས་ཁང་ཚུགས་པ་ནས་ད་ལྟའི་བར་དུ། ཁྱིམ་ཚང64ཡི་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས་ཡོད་ལ། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང20ཡོད། ད་ལོར་མཉམ་ལས་ཁང་གིས་པད་ཁ་མུའུ250འདེབས་འཛུགས་བྱས་པས། སྟོན་བསྡུ་བའི་དུས་སུ། ཁྱིམ་ཚང་རེར་མ་རྐང་ལྟར་ཁེ་སྤོགས་བགོས་ཤིང་། བསྡོམས་པས་ཁེ་སྤོགས་པད་ཁ་བརྒྱ་མ27300ལྷག་ཡོད།   མཉམ་ལས་ཁང་དུ་ད་དུང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གསར་འཛུགས་བྱས་ཏེ། གཙོ་བོ་ས་དེ་གའི་འབྲོག་པ་མང་ཚོགས་ཀྱི་འདས་མཆོད་དང་གཉེན་སྟོན་གྱི་མཛད་སྒོ་སྤེལ་ཡུལ་ཡིན། ཐེངས་རེར་མི500ལྷག་སྣེ་ལེན་བྱ་ཐུབ་ལ། ཁེ་སྤོགས་སྒོར5000འཐོབ་སྲིད། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་སྒོ་ཕྱེ་བ་ནས་ད་ལྟའི་བར་དུ། ཡོང་སྒོ་སྒོར57000ལྷག་བསླེབས་པ་དང་། ཁེ་སྤོགས་དེ་གནད་ཁེལ་རོགས་སྐྱོར་ཁྱིམ་ཚང་ལ་བགོས་ཏེ། ཁྱིམ་ཚང་རེར་ཁེ་སྤོགས་སྒོར1000རེ་ཐོབ། ཟླ8པར། ཀླུ་ཆུ་རྫོང་གིས་འཚེམ་བཟོ་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། མཉམ་ལས་ཁང་གི་གནད་ཁེལ་རོགས་སྐྱོར་ཁྱིམ་ཚང 9ལག་ཁྱེར་ལ་བརྟེན་ནས་ལས་ཀར་ཞུགས་ཏེ། གྱོན་ཆས་ལས་སྣོན་ལྟེ་གནས་འཛུགས་གཉེར་བྱས། ཟླ 9བར། མཉམ་ལས་ཁང་གི་གྱོན་ཆས་ལས་སྣོན་ལྟེ་གནས་ལ་གོན་པ་ཉོ་བའི་ཐོ་ཡིག་ཐོག་མ་འབྱོར་བས་ཡོང་འབབ་སྒོར15600བསྐྲུན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།