ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགོ་ཁྲིད་ཚན་ཆུང་གི (རྒྱ་སྐྱེད)གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།

ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན། བཀྲ་ཤིས་འཚོ། ཧའོ་མོའུ་པའོ། སུང་ཅན། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན། ཡོན་ཞུན་ཧའོ། དབྱང་ཅུན། ལིའང་མིང་ཀོང་། ལིའུ་ཡུང་ཀོ རིན་ཆེན་དོན་གྲུབ། ཝང་ཅན་ཅུན་བཅས་གྲོས་ཚོགས་སུ་ཞུགས།

ཡུས་ཁྲིན་ཧུའེ་ཡིས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས “ཁུལ་གཉིས་དང་རྫོང་གཅིག”གི་དབུལ་ཐར་མཁྲེགས་གཏོར་གྱི་འཆར་འགོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ནས། “ཁྱིམ་ཚང་རེ་ལ་སྲིད་ཇུས་རེ”ཡི་གནད་ཁེལ་དབུལ་ཐར་གྱི་འཆར་གཞི་འཐུས་ཚང་སྒོས་དོན་འཁྱོལ་བྱས་ཏེ་བྱ་བ་སོ་སོར་གྲུབ་འབྲས་གསར་བ་དང་འཕེལ་རྒྱས་གསར་བ་འཐོབ་དགོས་ཞེས་བསྟན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས། དབུལ་ཐར་མཁྲེགས་གཏོར་གྱི་གནད་དོན་སྒྲིག་བཅོས་བྱེད་པ་དམ་འཛིན་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་གྱི་འབྲེལ་མཐུད་ཀྱི་གྲ་སྒྲིག་བྱ་བ་ནན་འཛིན་བྱ་དགོས། དུས་ཚོད་དམ་འཛིན་བྱས་ཏེ་སང་ལོའི་ཆེད་དོན་དབུལ་སྐྱོར་ལས་གཞི་སྐོར་དང་པོར་འཆར་འགོད་ཞིབ་མོ་བྱས་ཏེ་རིམ་པ་སོ་སོའི་དབུལ་སྐྱོར་ལས་བྱེད་པས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཆེད་དོན་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར་སོགས་སྒྲོག་འགྲེལ་བྱས་ཏེ་དབུལ་སྐྱོར་གྱི་སྲིད་ཇུས་ཚང་མར་ཤེས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱིས་ད་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་གལ་ཆེན་སྐུལ་སྤེལ་བྱས་པའི་གནས་ཚུལ་བརྡ་ཁྱབ་སྤེལ་ཞིང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་འགན་ཁུར་མི་སྣ་གཙོ་བོ་དག་གིས་གཏམ་བཤད།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།