ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་དང་ལས་ཞུགས་དབུལ་སྐྱོར་གྱི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་དང་ལས་ཞུགས་དབུལ་སྐྱོར་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་འབྲུག་ཆུ་རྫོང་དུ་ཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་འདུའི་གཙོ་འགན་ཁུར། ཁུལ་གྱི་འགོ་ཁྲིད་པ་བཀྲ་ཤིས་འཚོ་དང་སུང་ཅན། དབྱང་ཞུང་། ལིའུ་ཧྥུན། ལིའང་མིང་ཀོང་། ལིའུ་ཡུང་ཀོ རིན་ཆེན་དོན་གྲུབ། ཝང་ཅན་ཅུན་བཅས་གྲོས་ཚོགས་སུ་ཞུགས།

ཡུས་ཁྲིན་ཧུའེ་ཡིས་གཏམ་བཤད་ཁྲོད་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱིས་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱེད་པ་དང་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་པའི་གནད་འགག་གི་སྐབས་འདིར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབྲུག་ཆུ་རྫོང་དུ“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་དང་ལས་ཞུགས་དབུལ་སྐྱོར་གྱི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་བསྡུས་པའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བ་དང་ལྷག་པར་དུ་ལས་ཞུགས་དབུལ་སྐྱོར་དང“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་མཐའ་འཁྱོངས་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་དང་ལས་ཞུགས་དབུལ་སྐྱོར་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོངས་བྱས་ནས་སྔར་ལས་ལྷག་པར་དུ་ཁུལ་ཡོངས་ཀྱི་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ་ཞེས་པའི་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་དང་དཀའ་གནད་གཅིག་བསྡུས་བྱས་ནས་རྫོང་དང་གྲོང་ཁྱེར། ལས་ཁུངས། ཁེ་ལས་ཁག་གི་མཉམ་མྱོང་བཟང་བོ་དང་ལས་སྲོལ་བཟང་བོ་ཕྱོགས་སྡོམ་བྱས་ནས“དབུལ་སྐྱོར་འཁོར་ཁང”གི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། ཁུལ་ཡོངས་ཀྱི་ལས་ཞུགས་དབུལ་སྐྱོར་བྱ་བ་དང“དབུལ་སྐྱོར་འཁོར་ཁང”འཛུགས་སྐྲུན་བྱེད་པར་སྟེགས་བུ་གསར་བ་ཞིག་བསྐྲུན་པར་སྐུལ་དགོས་ཞེས་བསྟན།

ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་པ་སྟེ། བསམ་བློའི་བྱ་སྤྱོད་གསར་གཏོད་བྱས་ཏེ། ཤུགས་ཆེན་སྒོས་རོགས་སྐྱོར་སྲིད་ཇུས་མི་ལེགས་པའི་གནད་དོན་ཐག་གཅོད་བྱ་དགོས། གནད་ཁེལ་གསོ་སྦྱོང་བྱས་ཏེ་ཤུགས་ཆེན་སྒོས་ཕན་ནུས་དངོས་མི་ཐོན་པའི་གནད་དོན་ཐག་གཅོད་དགོས། སྤོར་སྒྱུར་རྣམ་པ་གསར་གཏོད་བྱས་ཏེ་ཤུགས་ཆེན་སྒོས་རྩ་འཛུགས་རང་བཞིན་གྱི་རིམ་པ་མི་མཐོ་པའི་གནད་དོན་ཐག་གཅོད་དགོས།  ཞབས་ཞུའི་དོ་དམ་ཤུགས་ཆེར་བཏང་སྟེ་ཤུགས་ཆེན་སྒོས་ལས་ཞུགས་བརྟན་པོ་མིན་པའི་གནད་དོན་ཐག་གཅོད་དགོས། ནན་ཏན་སྒོས་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཤུགས་ཆེན་སྒོས་དོན་འཁྱོལ་བྱེད་པ་གནད་དུ་མི་ཁེལ་པའི་གནད་དོན་ཐག་གཅོད་བྱ་དགོས་ཞེས་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།