ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་དབང་བོ་སྐྱོན་ཅན་གྱི་འགན་སྲུང་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས་དབུལ་ཐར་ལམ་བུའི་ཐོག་ནས་མི་གཅིག་ཀྱང་མི་ལུས་པ་འགན་ལེན་བྱ་ཆེད། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་ཁེལ་དབུལ་སྐྱོར་དང་ཁྱོན་ཡོངས་ནས་རོགས་སྐྱོར་བྱ་བ་ཁག་བསྒྲུབས།

ལོ་སར་གྱི་སྐབས་སུ། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན52ལ་མི་རེར་སྒོར1000རེ་སྤྲད་པ་དང་། ཆེས་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན8ལ་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི2སྤྲད། ཐེངས28པའི“རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི”བྱ་འགུལ་ཁྲོད། དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན5ལ་ནད་གཞི་ཆེན་པོའི་རོགས་སྐྱོབ་མ་དངུལ་སྒོར་ཁྲི 1སྤྲད་པ་དང་། དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན37ལ་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི3.7སྤྲད། དབང་བོ་སྐྱོན་ཅན་གྱི་སློབ་མ10ལ་སློབ་སྐྱོར་མ་དངུལ་སྒོར3400སྤྲད་ཅིང་། དབང་བོ་སྐྱོན་ཅན་གྱི་བསྐྱར་གསོ་ཡོ་བྱད71འགྲེམ་གཏོང་བྱས་པ་མ་ཟད། དབང་བོ་སྐྱོན་ཅན་གྱི་སྡོད་ཁང་གི་གསབ་དངུལ་དོན་འཁྱོལ་བྱས། ད་ལོར། དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་ཚབས་ཆེའི་ཁྱིམ་ཚང100ལ་འགལ་རྐྱེན་མེད་པའི་བསྒྱུར་བཀོད་ལས་གཞིའི་གསབ་དངུལ་སྒོར1500རེ་དོན་འཁྱོལ་བྱས། 

“དྲུག་གཅིག”གི་སྐབས་སུ། བྱིས་གཉོར་ཁང་དང་སློབ་གྲྭ་འབྲིང་ཆུང་དང་། ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་སོགས་སུ་ཟབ་ཞུགས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་སློབ་མ84ལ་སློབ་སྐྱོར་མ་དངུལ་སྒོར་ཁྲི3.72སྤྲད་ཅིང་། དབང་བོ་སྐྱོན་ཅན་གྱི་བྱིས་པ2ལ་རྒྱན་ཤོག་སྤྱི་ཕན་མ་དངུལ་སློབ་སྔོན་སློབ་གསོའི་སློབ་སྐྱོར་མ་དངུལ་སྒོར3000རེ་སྤྲད། སློབ་གྲྭ་ཆེ་འབྲིང་གི་དབང་བོ་སྐྱོན་ཅན་གྱི་སློབ་མ13ལ་སློབ་སྐྱོར་མ་དངུལ་སྒོར་ཁྲི3.55སྤྲད། རྫོང་ཡོངས་ཀྱི་རིམ་པ་དང་པོའི་རིག་སྟོབས་དང་སྨྱོ་ནད་ཕོག་པའི་དབང་བོ་སྐྱོན་ཅན23ལ “2018ལོའི་དབང་བོ་སྐྱོན་ཅན་དབུལ་སྐྱོར་བསྐྱར་གསོའི་ལས་གཞི་སྟེ་དབང་བོ་སྐྱོན་ཅན་གྱི་བཅོལ་སྐྱོང་ཁ་གསབ་མ་དངུལ”བསྡོམས་པས་སྒོར་ཁྲི1.98འགྲེམ་གཏོང་བྱས། དབང་བོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཉེན་འགོག་བྱ་བ་དེ་རྫོང་སྲིད་གཞུང་གིས་དམངས་དོན་བྱ་བ་དངོས་སྒྲུབ་བྱས་པའི་ལས་གཞིའི་ཁྲོད་དུ་བཅུག་སྟེ། རྫོང་ཡོངས་ཀྱི་དབང་བོ་སྐྱོན་ཅན1382ལ་ཉེན་འགོག་མ་དངུལ་སྒོར་ཁྲི13.82འཇལ་སྤྲོད་བྱས། མིག་སྔར་ཐུག་བར་དུ། དབང་བོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཉེན་འགོག་ཁ་གསབ་བྱེད་པའི་ཆ་རྐྱེན་འདང་བའི་མི29ཡོད། མི1ལ་སྨན་བཅོས་འགྲོ་གྲོན་སྒོར་ཁྲི2གུན་གསབ་བྱས་ཤིང་། དབང་བོ་སྐྱོན་ཅན་མི28ལ་འཚོ་བའི་གསབ་དངུལ་སྒོར2000རེ་གསབ་པས། བསྡོམས་པས་སྒོར་ཁྲི7.4སྤྲད། དབང་བོ་སྐྱོན་ཅན་གྱི་དཔང་ཡིག་འཛིན་མཁན་ལ་ཁྱིམ་སྤྱོད་ཆུ་དང་གློག  རླངས།  དྲོད་ཀྱི་གསབ་དངུལ་སྤྲད་པས། བསྡོམས་པས་མ་དངུལ་སྒོར་ཁྲི28.18བཏང་ནས“རྫོང་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་གྱི་ལམ་ཐོག་ནས་མི་གཅིག་ཀྱང་མི་ལུས་པ”ཁག་ཐེག་བྱས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།