ཀྲུང་གོ་བོད་ཀྱི་དྲ་བ།

​འབྲུག་ཆུ་རྫོང་གིས་ཏང་ཡོན་ལས་བྱེད་པ55ཡི་འགན་འཁྲི་རྩད་གཅོད་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་ཕྱོགས་བསྡུས་སྒོས་སློབ་གསོ་དང་ཉེན་བརྡ། ཉེན་སྐྱོབ། ཁྲིམས་གཅོད་བྱེད་སྟངས་སྤྱད་དེ“དོ་དམ་ནི་དོ་ཁུར”དང“ཉེས་གཅོད་ནི་སློབ་གསོ”ཞེས་པའི་བྱེད་སྟངས་ཤིག་ཡིན་པའི་ལྟ་བ་བཟུང་ནས། ཏང་ཡོན་ལས་བྱེད་པ 55ཡི་འགན་འཁྲི་རྩད་གཅོད་བྱས།

འབྲུག་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིའི་ནོར་འཁྲུལ་གྱི་ངོ་བོ་དང་སྒྲིག་འགལ་བྱ་སྤྱོད་ཀྱི་ཀུན་སློང་། བྱུང་རིམ། སྤྱི་ཚོགས་ཀྱི་གནོད་འཚེ་རང་བཞིན་དང་དེ་ལས་བྱུང་བའི་མཇུག་འབྲས་ངན་པ། རྩད་གཅོད་བྱ་ཡུལ་གྱི་འགན་འཁྲི་དང་ཕྱི་རོལ་ཁོར་ཡུག  ནམ་རྒྱུན་གྱི་རྣམ་འགྱུར། ནོར་འཁྲུལ་ཐད་ཀྱི་ངོས་འཛིན། ནོར་འཁྲུལ་དག་བཅོས་བྱེད་པའི་རྣམ་འགྱུར་སོགས་ལ་བལྟ་བའི་དུས་མཚུངས་སུ། ཁྲིམས་བཀོད་གནས་ཚུལ་དང་གནད་དོན་གྱི་ཡང་ལྕི་ལ་གཞིགས་ནས། དངོས་ཐོག་བདེན་འཚོལ་གྱིས་ཏང་གི་སྲིད་ཁྲིམས་ཀྱི་ཆད་པ་བཅད། ཏང་གི་སྲིད་ཁྲིམས་དང་སྲིད་དོན་ཆད་གཅོད་ཁྱབ་བསྒྲགས་བྱེད་པའི་སྟེང་དུ། འབྲུག་ཆུ་རྫོང་གིས་འགན་འཁྲིའི་བྱེད་པོ་ཁ་གསལ་བྱས་ཤིང་། བྱ་བའི་བརྒྱུད་རིམ་ཞིབ་ཏུ་བཏང་བ། དུས་ཚོད་གཏན་ཁེལ་དང་ཁྱབ་ཁོངས་གསལ་འགོད་བྱེད་པ། བརྒྱུད་མངག་ཁྱབ་བསྒྲགས་ཆ་རྐྱེན་ནན་མོ་བྱས་ཏེ་ཆད་པ་གཅོད་པ་ཕྱི་ཚུལ་ཙམ་དུ་འགྱུར་བ་ནན་འགོག་བྱས། དུས་མཚུངས་སུ། འབྲུག་ཆུ་རྫོང་གིས་སྒྲིག་གཞི་འཐུས་ཚང་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་སོགས་ནས་འགོ་བཙུགས་ཏེ། ཆད་གཅོད་ལག་བསྟར་བྱེད་ཤུགས་དྲག་ཏུ་བཏང་ཞིང་། སྒྲིག་འགལ་ཆད་གཅོད་ལག་བསྟར་བྱེད་ཚུལ་ཐོ་འགོད་བྱས་ནས། སྒྲིག་འགལ་ཆད་གཅོད་ལག་བསྟར་བྱེད་པའི་སྤྱི་སྡོམ་རེའུ་མིག་བསྐང་སྟེ། མི་སྒེར་གྱི་ཆད་གཅོད་ལག་བསྟར་བྱེད་ཚུལ་གྱི་ཐོ་འགོད་རེའུ་མིག་ཆ་ཚང་བཏང་བ་མ་ཟད། ཆད་གཅོད་མི་སྣར་ཡང་བསྐྱར་སློབ་གསོ་བྱེད་པའི་བྱ་བ་ཡང་བཀོད་སྒྲིག་ཡག་པོ་བྱས་ཡོད་ཅིང་། དུས་ཐོག་ཏུ་ཆད་པ་ཁུར་མཁན་གྱི་བསམ་པའི་འཁོར་ཕྱོགས་དང་བྱ་བའི་གནས་ཚུལ་ཤེས་རྟོགས་དང་རྒྱུས་ལོན་བྱས་ཏེ། ཁོ་ཚོར་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་བཅོས་སྒྱུར་བྱེད་པར་ཁྲིད་སྟོན་བྱས་ཤིང་། ངེས་པ་དོན་གྱིས“ནད་བཅོས་སྲོག་སྐྱོབ”ཀྱི་ནུས་པ་ཐོན་པར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།