ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒེར་གྱི་ཐོབ་ཁྲལ་བཅོས་བསྒྱུར་གྱི་ཐག་གཅོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། སྒེར་ཁྲལ་བསྡུ་གཉེར་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་ཆེད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དཔྱ་ཁྲལ་ཅུས་ཀྱིས་དུས་ཐོག་ཏུ་དོན་འཁྱོལ་དམ་འཛིན་དང་བྱ་ཐབས་སྣ་མང་སྤྱད་དེ་སྒེར་གྱི་ཐོབ་ཁྲལ་བཅོས་བསྒྱུར་བྱ་བར་སྐུལ་འདེད་བཏང་།
བསམ་བློའི་ཤེས་རྟོགས་མཐོར་འདེགས་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་སྒེར་གྱི་ཐོབ་ཁྲལ་བཅོས་བསྒྱུར་ཆེད་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། ཁྱོན་ཡོངས་གཅིག་གྱུར་འཆར་འགོད་ཀྱི་བྱ་བའི་འགན་ཁུར་ནས། སྒེར་ཁྲལ་བཅོས་བསྒྱུར་གྱི་སྤྱིའི་བྱ་བའི་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས། སྒེར་ཁྲལ་བཅོས་བསྒྱུར་གྱི་ཞིབ་ཕྲའི་ལས་འགན་དབྱེ་ཞིབ་དང་བཀོད་སྒྲིག བྱ་བའི་ལས་འགན་དམིགས་འབེན་དང་ལག་བསྟར་གོ་རིམ་གསལ་བོ་བྱས་ཤིང་། དེར་བསྟུན་གྱི་ཆ་འགྲིག་བྱ་ཐབས་གཏན་འབེབས་བྱས་ཏེ། མཁྲེགས་གཏོར་བྱ་བ་འགོ་ཡག་པོ་འཛུགས་རྒྱུ་འགན་ལེན་བྱས།
སྲིད་ཇུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་དང་ལས་སྒོའི་བྱང་ཚད་མཐོར་འདེགས་བཏང་བ། གཙོ་བོ་བཅོས་བསྒྱུར་གྱི་བར་བརྒལ་དུས་སྐབས་ཀྱི་སྲིད་ཇུས་དང་ཁྲལ་བསྡུ་མ་ལག་གི་མཉེན་ཆས་བཀོལ་སྤྱོད་ལ་དམིགས་ནས་གསོ་སྦྱོང་བྱས་ཏེ། ལས་རིམ་དང་བོའི་ཁྲལ་དོན་ལས་བྱེད་པས་བར་བརྒལ་དུས་སྐབས་ཀྱི་སྲིད་ཇུས་གསར་བ་དང་ཁྲལ་ཁྲིམས་གསར་བའི་གཙོ་གནད་ལ་བྱང་ཆ་ལྡན་པའི་སྒོ་ནས་གསར་འགྲེལ་བྱས་པ་དང་། ཁྲལ་བསྡུ་མ་ལག་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱེད་པར་བྱང་ཆ་ལྡན་པར་གྱུར་ནས། སྒེར་གྱི་ཐོབ་ཁྲལ་བཅོས་བསྒྱུར་བརྟན་བརླིང་ངང་དོན་འཁྱོལ་བྱེད་པར་འགན་ལེན་བྱས།
བྱ་བའི་བྱེད་སྟངས་གསར་སྐྲུན་དང་གནད་ཁེལ་དྲིལ་བསྒྲགས་སྤེལ་བ། རྒྱལ་ཁབ་དཔྱ་ཁྲལ་ཅུས་ཁྲལ་འཇལ་ཞབས་ཞུ་སི་ཡིས་བརྒྱུད་སྐུར་བྱས་པའི“རྒྱལ་ཡོངས་ཀྱི་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་འཇལ་མཁན་རྣམས་ལ་གཏོང་བའི་འཕྲིན་ཡིག”བརྒྱ་ལྷག་པར་དུ་བཏབ་སྟེ། ཁྲལ་སྒྲུབ་ཞབས་ཞུ་ཁང་གི་མཐོང་གསལ་དུ་གཤམ་ཞིང་། ཁྲལ་སྒྲུབ་ཞབས་ཞུ་ཁང་གི་གློག་རྡུལ་བརྙན་ཡོལ་གྱི་ངོས་སུ་ཁྲལ་ཁྲིམས་གསར་བའི་འབྲེལ་ཡོད་ནང་དོན་བསྟན། དུས་མཚུངས་སུ། ཁྲལ་བསྡུའི་འོས་འགན་མི་སྣ་རྩ་འཛུགས་བྱས་ཏེ་བཞུགས་མོལ་གྲོས་ཚོགས་ཚོགས་ཏེ། སྒེར་གྱི་ཐོབ་ཁྲལ་གྱི་སྲིད་ཇུས་གསར་བ་ཁྲལ་འཇལ་མཁན་གྱི་ཁྲོད་དུ་སྐྱེལ།
ཁྲལ་བསྡུའི་ཞབས་ཞུ་ལེགས་བཅོས་དང་ཞབས་ཞུའི་ཕན་འབྲས་མཐོར་འདེགས་བཏང་བ། བཅར་འདྲི་བྱ་ཡུལ་དང་བོའི་ལམ་ལུགས་དང་དུས་བཀག་ལྟར་སྒྲུབ་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་དམ་འཛིན་བྱེད་པའི་དུས་མཚུངས་སུ། ཁྲལ་དོན་རང་སྒྲུབ་ཁུལ་དུ་ལས་སྒོའི་རྐང་འཛིན་མི་སྣ་འགའ་བཀོད་སྒྲིག་བྱས་ཏེ། ཡུལ་དངོས་ནས་ཟུར་ཁྲིད་དང་ཞིབ་བཤེར་བྱས་ཤིང་། ཁྲལ་འཇལ་མཁན་ལ་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་གྱི་སྙན་ཐོ་ཞུ་དོན་དག་སྒྲུབ་རོགས་བྱས་ནས། ཁྲལ་སྒྲུབ་ཞབས་ཞུ་ཁང་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པ་ཁག་ཐེག་བྱས། །