ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་གནད་ཁེལ་དབུལ་སྐྱོར་བྱ་བའི་ཁྲོད་དུ་ཞན་ཆ་གསབ་སྟེ་རྨང་གཞི་བརྟན་པོ་བཏིང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་ལས་རིགས་ཀྱི་དབུལ་སྐྱོར་ལས་གཞི་དང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་བྱས་ནས། དབུལ་སྐྱོར་མ་དངུལ་གཏོང་ཚད་མང་དུ་གཏོང་བ་དང་། དབུལ་ཕོངས་སྡེ་བ་དང་ཁྱིམ་ཚང་ལ་ཁ་ཕྱོགས་ཏེ། སྡོད་ཁང་དང་འཐུང་ཆུ། གཞུང་ལམ། སློབ་གསོ། སྨན་བཅོས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་མི་འདང་བའི་གནད་དོན་གཙིགས་སུ་བཟུང་ནས་ཞན་ཆ་གསབ། དབུལ་ཕོངས་སྡེ་བར་བྱིས་གཉོར་ཁང29གསར་དུ་བཙུགས་པ་དང་། དབུལ་ཕོངས་ཁྱིམ་ཚང4996གི་བྱིས་པར་སློབ་ཡོན་ཆག་པའི་སྲིད་ཇུས་ལག་བསྟར་བྱས་ལ། སྔོན་འགྲོའི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བརྒྱུད་རིམ་ཡོངས་ལ་རོགས་དངུལ་སྤྲོད་པའི་མ་ལག་བཙུགས་ཤིང་། ལོ་གསུམ་ལ་བསྡོམས་པས་རོགས་དངུལ་སྒོར་ཁྲི5738བཏང་བ་དང་། དབུལ་ཕོངས་སློབ་མ་ཁྲི3.58ཀྱི་དཀའ་ངལ་སེལ་བས། ཕན་ནུས་ལྡན་པའི་སྒོ་ནས་སློབ་ཡོན་སྤྲོད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས།

གཅོང་ནད་ཕོག་པའི་དབུལ་ཕོངས་ནད་པ1431གི་ཁྱིམ་ཚང་ལ་ཞབས་ཞུའི་གན་རྒྱ་བཞག་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་ཚོགས་པ་སྒྲིག་པའི་རྣམ་པས་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ112རྩ་འཛུགས་བྱས་ཏེ་ཞིང་ཆེན་ཀྲུང་དབྱི་སྨན་ཁང་ནས་གཅིག་གྱུར་གྱིས་སྨན་བཅོས་བྱས། ད་ལོར། དབུལ་ཕོངས་མང་ཚོགས1939ཡི་སྨན་བཅོས་འགྲོ་སོང་སྒོར་ཁྲི737དང་། མི212ལ་ནད་ཆེན་རོགས་སྐྱོབ་མ་དངུལ་སྒོར་ཁྲི52.09རྩིས་ཞུ་བྱས་ཤིང་། མི6862ལ་རྨང་གཞིའི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི2403རྩིས་ཞུ་བྱས།

ཁང་རྙིང་ཞིག་གསོ་དང་གནས་སྤོ་ལས་གཞི་ཤུཊ་ཆེན་སྒོས་ལག་བསྟར་བྱས་པ། ད་ལོར། ཁྱིམ་ཚང276གི་ཉེན་ཁང་ཞིག་གསོ་བྱས་པས། CདངDརིམ་པའི་ཉེན་ཁང་རྩ་བ་ནས་མེད་པར་བཟོས། ཅོ་ནེའི་ཚོང་ལས་མཐུན་ཚོགས་ཀྱིས་ཁེ་ལས་ཀྱི་ཞལ་འདེབས་མ་དངུལ་སྒོར་ཁྲི44.7དང་བྱེ་རྡོ་སོགས་ཨར་ལས་རྒྱུ་ཆ་བསྡུ་རུབ་བྱས་པ་བརྒྱུད། དཀའ་ཁག་ཅན་གྱི་ཁྱིམ་ཚང39ཡིས་དངུལ་བུན་ལེན་མི་དགོས་པར་སྡོད་ཁང་ལེགས་འགྲུབ་བྱུང་ཞིང། གཅིག་སྡུད་བཀོད་སྒྲིག་ས་ཚིགས4དང་མེ་ཏོག་འདེབས་ས4དབུལ་ཕོངས་མང་ཚོགས401གི་གཞན་ཡུལ་གནས་སྤོ་ལེགས་འགྲུབ་བྱུང་།

མ་དངུལ་སྒོར་ཁྲི1524བསྡུ་རུབ་བྱས་ནས་འཐུང་ཆུའི་བདེ་འཇགས་ལས་གཞི131བསྒྱུར་བཅོས་བྱས་པས་རང་བྱུང་སྡེ་བའི་འཐུང་ཆུའི་བདེ་འཇགས100%ཡི་དམིགས་ཚད་འགྲུབ། 2017ལོའི་ལོ་མཇུག་ཏུ་སྒྲིག་གཞི་ཚང་བའི་སྡེ་བའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། དེང་རབས་སྤོ་འགུལ་དྲ་རྒྱ་ཁྱིམ་ཚང་དུ་འཐེན་ཚད100%ལ་བསླེབས། མ་དངུལ་སྒོར་དུང་ཕྱུར11.51བཏང་ནས་འབྱོར་འབྲིང་སྡེ་བ105བསྐྲུན་ནས། མཛེས་སྡུག་གི་དཔའ་ཡུལ་སྡེ་བ་དང་ལྐོག་གྱུར་གྱི་བརྒྱ་མཆེད་སྡེ་བ། ངོ་མཚར་བའི་ཉིན་པ་སྡེ་བ་སོགས་སྐྱེ་ཁམས་མྱོང་རོལ་ཅན་དང་། དམངས་སྲོལ་རིག་གནས་ཅན། ཁྱད་ལྡན་ཐོན་ལས་ཅན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།