ཀྲུང་གོ་བོད་ཀྱི་དྲ་བ།

ཐང་རེན་ཅན་གྱིས་བསང་ཆུ་རྫོང་དུ་རྟོག་ཞིབ་བྱེད་སྐབས་སུ་གནད་ས་དང་གཙོ་བོ་དམ་འཛིན་དང་ཉག་ཕྲ་ས་དང་ཆུང་ས་ནས་དོན་འཁྱོལ་བྱས་ཏེ་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྱིས་ཉེ་ཆར་བསང་ཆུ་རྫོང་དུ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས། ཁོས་གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ནས་བྱ་བ་དམ་འཛིན་བྱེད་པར་གནད་ས་དང་གཙོ་བོ་འཛིན་པ་དང་། བྱ་བ་བསྒྲུབ་པར་ཉག་ཕྲ་ས་དང་ཆུང་ས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་དགོས་ལ། རང་ཞིང་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།

ཀན་ལྷོ་ཁུལ་ནི་རྒྱལ་ཡོངས་ཀྱི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་མངའ་ཁུལ་གཙོ་བོ་ཡིན་པས། ཐང་རེན་ཅན་བསང་ཆུ་རྫོང་དུ་སོང་ནས་དབུལ་ཐར་བྱ་བར་ཞིབ་བཤེར་དང་། སྲིད་ཇུས་དོན་འཁྱོལ་དང་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་འཚོལ་ཞིབ་བྱས། བསང་ཆུ་རྫོང་ཆུ་སྔོན་ཤང་རུ་འགབ་མ་སྡེ་བ་དང་མར་ཐང་ཤང་ཡར་ཤུར་སྡེ་བ། མདའ་མེད་ཤང་ཧོར་ཁ་གྱ་སྡེ་བ་བཅས་སུ་ཐང་རེན་ཅན་གྱིས་ཡུལ་སྐོར་ཐོན་ལས་ཀྱིས་དབུལ་ཐར་ལ་སྐུལ་ཁྲིད་བྱེད་པའི་གནས་ཚུལ་དང་དབུལ་ཕོངས་མང་ཚོགས་ཀྱི་འཐུང་ཆུ་དང་སྡོད་ཁང་། ཐོན་ལས་འཕེལ་རྒྱས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ། ད་དུང་ཀ་དབྱིན་སྲན་མཛོ་མོ་གསོ་སྤེལ་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།

དེའི་རྗེས་སུ། ཐང་རེན་ཅན་གྱིས་གཙོ་འགན་ཁུར་ནས་བསང་ཆུ་རྫོང་དུ་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། ཀན་ལྷོ་ཁུལ་དང་དེ་མིན་བསང་ཆུ་དང་ཅོ་ནེ། ཐེ་བོ། རྨ་ཆུ་བཅས་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྙན་ཞུར་ཉན་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་སྲིད་ཇུས་གསལ་འགྲེལ་དང་གནད་དོན་ལ་ལན་སློག་ཅིང་། མིག་སྔའི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དམ་འཛིན་བྱེད་པ་དང་། “བྱ་བ་དམ་འཛིན་བྱེད་པར་གནད་ས་དང་གཙོ་བོ་འཛིན་པ་དང་། བྱ་བ་བསྒྲུབ་པར་ཉག་ཕྲ་ས་དང་ཆུང་ས་ནས་དོན་འཁྱོལ་བྱེད་པའི”བྱ་བའི་བྱེད་ཐབས་ལྟར། གནད་དོན་དང་མི་འདང་ས་བཙལ་ནས་ཐག་གཅོད་བཟང་བོ་བྱ་དགོས། གཅིག་ཏུ་མི་འདང་ས་དང་ཆད་ལྷག་ཁ་གསབ་སྟེ། ཁུལ་དང་རྫོང་གི་འགན་ཁུར་བ་གཙོ་བོ་དངོས་སུ་སྡེ་ཁྱིམ་དུ་བསྐྱོད་ནས། རིམ་པ་སོ་སོ་དང་ཕྱོགས་སོ་སོའི་ལྟ་བཤེར་དང“ཕྱིར་མིག་ལྟ་བ”བཞིའི་བླང་བྱར་ཤན་སྦྱར་གྱིས་ལྟ་སྐུལ་ཞིབ་བཤེར་ལེགས་པོ་བྱས་ཏེ་གནད་དོན་ཡོད་ས་སྔ་མོ་ནས་མཐོང་བ་དང་ཐག་གཅོད་དགོས། གཉིས་སུ་དབུལ་སྐྱོར་ཐོན་ལས་དངོས་འཛིན་བྱེད་པ་དང་། ལྷག་པར་དུ་ཆེད་ལས་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་བཟང་བོ་བྱ་དགོས་ལ། གསོ་སྦྱོང་བྱས་པ་བརྒྱུད་དེ་མཉམ་ལས་ཁང་གི་སྣེ་ཁྲིད་པའི་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་མཉམ་ལས་ཁང་གི་ཁེ་སྤོགས་རག་པའི་ནུས་པའང་མཐོར་འདེགས་སུ་གཏོང་དགོས། གསུམ་དུ་ཞིང་ལས་འགན་བཅོལ་མགྱོགས་པོར་སྐུལ་འདེད་གཏོང་བ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གོ་སྐབས་བཟང་པོ་བེད་སྤྱད་ནས། སྡེ་བར་བཅའ་སྡོད་བྱེད་པའི་རོགས་སྐྱོར་བྱ་བྱེད་རུ་ཁག་དང་ཞིང་དངུལ་ཁང་གི་ལས་བྱེད་པ་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་སྐུལ་སློང་བྱེད་པ་རྩ་འཛུགས་བྱས་ཏེ། ཞིང་བའི་འདོད་བློ་དང་དགོས་མཁོ་རྒྱུས་ལོན་བྱེད་པ་དང་། འགན་བཅོལ་ནང་ཞུགས་པར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པ་དང་། འགན་བཅོལ་འཛིན་ཡིག་གིས་ཞིང་དུད་ལ“སེམས་བདེ་རིལ་བུ”འཐུང་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བཞུགས་མོལ་གྲོས་ཚོགས་སུ་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལི་ཀྲི་ཞུང་གིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།

                                                                                                                   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།