ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཐེན་ཅིན་གྲོང་ཁྱེར་དང་རིག་གནས་སྤེལ་རེས་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་རྒྱང་སྒྲོག་གསར་འགྱུར་ཅུས་ཀྱི་འགན་ཁུར་བ་འཁོར་དང་བཅས་པ་ཐེན་ཅིན་དུ་སོང་ནས་ཕྱི་ཕྱོགས་དང་སྤེལ་རེས་བྱ་འགུལ་སྤེལ་ཏེ་རིག་གནས་མཉམ་ལས་ཇེ་ཟབ་གཏོང་བར་སྐུལ་འདེད་བཏང་།

ཀན་ལྷོ་ཁུལ་གྱིས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལྡན་ཞིང་མཉམ་ལས་ཀྱི་འདུན་པ་མཐོ་བའི་ཁྱད་ཆོས་ལྡན་པའི་རིག་གནས་ཁེ་ལས་རྩ་འཛུགས་བྱས་ཏེ་སྐབས་བརྒྱད་པའི་ཐེན་ཅིན་པིན་ཧའེ་རྒྱལ་སྤྱིའི་རིག་གནས་གསར་གཏོད་འགྲེམས་སྟོན་སྤེལ་རེས་ཚོགས་འདུར་ཞུགས། སྐབས་འདིའི་འགྲེམ་སྟོན་སྤེལ་རེས་ཚོགས་འདུས“མཉམ་སྒྲུབ། གཅིག་སྡུད། རིག་ནུས”བརྗོད་དོན་གཙོ་བོ་བྱེད་པ་དང་། རིག་གནས་ཐོན་ལས་ཀྱི་ཁྱབ་ཁོངས་སོ་སོའི་གསར་གཏོད་ཀྱི་ཐོན་རྫས་དང་ལྟ་བ། རྣམ་པ། ཐོན་རྫས་གྲགས་ཅན་སོགས་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས་པས། རྒྱ་ཆེའི་རིག་གནས་ཁེ་ལས་ལ་གཅིག་སྡུད་ཀྱི་འགྲེམ་སྟོན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད། ངོ་འཕྲད་གྲོས་མོལ་མཉམ་ལས། ཕན་ཚུན་ཉམས་ལེན་བྱེད་པའི་རྩེར་སོན་རིག་གནས་ཐོན་ཁུངས་ཀྱི་སྙོམས་སྟེགས་བསྐྲུན། 

ཀན་ལྷོའི་འགྲེམ་སྟོན་ཁུལ་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ནང་དོན་བྱས་ཏེ། གཅིག་བསྡུས་སྒོས་ཀན་ལྷོའི་རིག་གནས་ཐོན་ལས་ཀྱི་ལེགས་ཆ་དང་ཁྱད་ཆོས་འགྲེམས་སྟོན་བྱས། འགྲེམ་སྟོན་གྱི་ཡུལ་དངོས་ནས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཐའོ་ཡན་སྣག་གཞོང་། འཚེམ་དྲུབ་སོགས་རིག་གནས་གསར་གཏོད་ཐོན་རྫས་ཀྱིས་རྒྱ་ཆེའི་ཡུལ་སྐོར་བའི་ཡིད་དབང་བཀུག་པས་འགྲོ་མཚམས་བཞག་སྟེ་ཞིབ་ལྟ་བྱས། དབྱི་ཕིན་སྨྱན་བྱད་ཀྱི་མངའ་འོག་གི་ནས་ཆང་ལ་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་དང་། ནུས་ལྡན་གྱི་སྒོ་ནས་ཀན་ལྷོའི་ཁྱད་འཕགས་དང་སྣེ་མང་གི་རིག་གནས་ནང་དོན་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པས། མཉམ་སྒྲུབ་གོང་འཕེལ་དང་དང་མཉམ་འབྲེལ་གཉིས་ཕན་ལ་སྐུལ་འདེད་གཏོང་བར་རྨང་གཞི་དང་སྙོམས་སྟེགས་བརྟན་པོ་བསྐྲུན་པ་དང་། རྒྱ་ཆེའི་ཐེན་ཅིན་གྱི་གྲོང་མི་ལ་མདོག་དགུ་ཀན་ལྷོའི་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་འགྲེམ་སྟོན་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།