ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས“ཆེ་ཁུལ་ཁག་བཞི”ལ་དམིགས་ནས་རིག་གནས་ཐོན་ལས་ཤུགས་ཆེན་སྒོས་འཕེལ་རྒྱས་སུ་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཐོན་ལས་ཆེན་པོ་བཅུ་འཕེལ་རྒྱས་ཀྱི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ཏེ། སྲོལ་རྒྱུན་རིག་གནས་སྔོག་འདོན་བྱེད་པ་དང་གསར་དར་ལས་སྒོ་འཕེལ་རྒྱས། རིག་གནས་ཚོང་འདུས་འཛུགས་སྐྲུན། ཐོན་ལས་འདུས་ཁུལ་བསྐྲུན་པ་བཅས“ཆེ་ཁུལ་ཁག་བཞི”ལ་དམིགས་ནས་མི་རིགས་ས་ཁུལ་གྱི་རིག་གནས་དར་སྤེལ་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།   

 “རིག་གནས་ལ་བརྟེན་ནས་ཁུལ་བསྐྲུན་པ”ཞེས་པའི་འཐབ་ཇུས་ལག་བསྟར་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཁུལ་ཡོངས་ཀྱི་ཐོན་ལས་ཆེ་ཤོས་གཉིས་ཀྱི་ཡ་གྱལ་ཡིན་པར་ཁག་ཐེག་བྱས་ཤིང་། དེ་ནས་རིམ་བཞིནརིག་གནས་ལ་བརྟེན་ནས་ཁུལ་བསྐྲུན་པ་ཞེས་པའི་འཐབ་ཇུས་ལག་བསྟར་བྱས་ནས་རིག་གནས་ཀན་ལྷོ་འཛུགས་སྐྲུན་བྱེད་པའི་བསམ་འཆར་དང་ཀན་ལྷོ་ཁུལ་གྱིས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན། རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དམིགས་སུ་བཟུང་ནས་དར་གོས་ཚོང་ལམ་དཔལ་འབྱོར་དར་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་པ་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ་གྱི་འཐབ་ཇུས་སྟེགས་བུར་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས།    

སྲོལ་རྒྱུན་རིག་གནས་སྔོག་འདོན། རྫོང་ཁོངས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཁྱད་ཆོས་གཞིར་བཟུང་ནས་རྫོང་ཁོངས་ཀྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱས། ད་ལོར་ཀན་ལྷོ་ཁུལ་གྱིས་ཀླུ་ཆུ་དང་བསང་ཆུ། ཅོ་ནེ་སོགས་སུ་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུད་འཛིན་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས4བསྒྲུབས་ཏེ་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ246གསོ་སྦྱོང་བྱས།    

གསར་དར་ལས་སྒོ་འཕེལ་རྒྱས་སུ་གཏོང་བ། མཉམ་འབྲེལ་དྲ་བའི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རང་འགུལ་ངང་མཐུན་འཇུག་བྱས་ཏེ། “རིག་གནས+”ལྟེ་བར་བཟུང་བའི“གྲངས་རིག་རིག་གནས”དང“གློག་བརྙན་འཕྲིན་རིག་གནས”སོགས་འཕེལ་རྒྱས་སུ་གཏོང་བ་དང་། སྐབས་དང་པོའི“ཀན་ལྷོ་དམངས་སྲོལ་སྒྱུ་རྩལ་བའི་ལག་རྩལ་འགྲན་བསྡུར”དང“རྣམ་ཐར”འགྲན་བསྡུར་གྱི་བྱ་འགུལ་བདེ་བླག་ངང་སྤེལ་ལ། སྲོལ་རྒྱུན་ལག་རྩལ་དང་འཁྲབ་སྟོན་གྱི་རྣམ་པའི་ཕྱོགས་ཡོངས་ནས་རང་ཁུལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་བརྗིད་ཉམས་མངོན་པ་རེད།   

 རིག་གནས་ཚོང་འདུས་འཛུགས་སྐྲུན་བྱེད་པ། བསང་ཆུ་རྫོང་གིས་རིག་གནས་ཚོང་འདུས་རྟེན་གནས་ཚོང་གཉེར་ས་ཚིགས“བླ་བྲང་ཚོང་ར”རྟེན་གཞི་བྱས་ནས་ཉེ་འགྲམ་གྱི་བླ་བྲང་གི་ཡུལ་སྐོར་ཡོ་ཆས་ཀྱི་ཚོང་ར་དང་བླ་བྲང་ཚོང་ར། བླ་བྲང་ནོར་བཟང་ཚོང་ར། འོད་ལྡན་ནོར་འཛིན་ཚོང་ར། མཐུན་སྒྲིལ་ལམ་གྱི་དམངས་སྲོལ་སྲང་ལམ་སོགས་སྐུལ་ཁྲིད་བྱས་པ་དང་། ལིན་ཐན་རྫོང་གི“ཐའོ་ཀྲོའུ་གནའ་རྫས་ཚོང་ར”གཙོ་བྱས་པའི་གཡང་ཌི་བརྐོས་མ་དང་མུ་ཏིག་དང་ནོར་བུ། ཡི་གེ་དང་རི་མོ། དམངས་སྲོལ་ཆོས་ལུགས་མཁོ་རྫས་སོགས་གནའ་རྫས་རིགས་ཀྱི་ཁེ་ལས་ཕྱོགས་བསྡུས་བྱས་པས་རིམ་བཞིན་དུ་ཉར་ཚགས་དང་གནའ་རྫས་བཤམས་སྟོན་ལྟེ་གནས་གཞི་གཅིག་ཏུ་གྱུར་པའི་གནའ་རྫས་སྲང་ལམ་དུ་གྱུར།    

ཐོན་ལས་འདུས་ཁུལ་བསྐྲུན་པ། སྔར་ཡོད་ཀྱི་བསང་ཆུ་དང་ཐེ་བོ། ལིན་ཐན། གཙོས་སོགས་རྫོང་དང་གྲོང་ཁྱེར་བཞིའི་རིག་གནས་ཐོན་ལས་འདུས་ཁུལ་གྱི་རྨང་གཞིའི་སྟེང་ཀན་ལྷོ་ཁུལ་གྱི་གཙོད་གྲོང་གི་བོད་ཀྱི་རིག་གནས་ཐོན་ལས་ཁུལ་འཛུགས་སྐྲུན་བྱས་ནས་ཁུལ་རིམ་པའི་རིག་གནས་ཐོན་ལས་འདུས་ཁུལ་དུ་གྱུར་ཅིང་། ལས་གཞི་འཛུགས་གྲུབ་བྱས་རྗེས་རིག་གནས་ལྟེ་བ་ཡིན་པའི་ཡུལ་སྐོར་ཐོན་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲེམ་སྟོན་གྱི་གཞི་ས་ཞིག་ཏུ་གྱུར། །                                                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།