ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་ཤུགས་ཆེན་པོས་རྩྭ་ཕྱུགས་དོ་མཉམ་ཡོང་བར་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་རྩྭ་ཆུ་དོ་མཉམ་དང་ཕྱུགས་རིགས་ཉུང་གཏོང་གི་བྱ་བ་དེ་རྫོང་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། འབྲོག་པའི་ཡོང་འབབ་འཕར་སྣོན། སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་བྱ་བ་རུ་བཟུང་སྟེ། ཤུགས་ཆེན་པོས་ཕྱུགས་རིགས་ཉུང་གཏོང་དང་ཡོང་འབབ་འཕར་སྣོན་ལ་ཤུགས་བསྣན།

ས་མུའུ་ཁྲི265ལ་ཕྱུགས་རིགས་འཚོ་སྐྱོང་བྱ་མི་ཆོག་པ་དང་ས་མུའུ་ཁྲི1023.02ལ་རྩྭ་ཕྱུགས་དོ་མཉམ་བྱེད་པར་དབྱེ་མཚམས་ཕྱེས་ཏེ། རྫོང་དང་ཤང་། སྡེ་བ། རུ་ཁག ཁྱིམ་ཚང་བཅས་རིམ་པ་ལྔའི་བར་དུ་ཕྱུགས་རིགས་ཉུང་གཏོང་གི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད། 2011ལོ་ནས2017ལོའི་བར་དུ་རིམ་བསགས་ཀྱིས་བརྩིས་ན་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར 5.8སྟེར་བ་དང་། ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་ཁྲི79.2ཉུང་འཕྲི་བྱས་ཤིང་། ཕྱུགས་ཟོག་ཤོང་ཚད་ལས་བརྒལ་ཚད2011ལོའི36.33%ནས2017ལོའི6.53%ལ་མར་ཆགས།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང9བཙུགས་ནས་ཤང་དང་གྲོང་རྡལ་སོ་སོ་རུ་སོང་ནས་རྩྭ་ཕྱུགས་དོ་མཉམ་དང་ཕྱུགས་རིགས་ཉུང་གཏོང་གི་བྱ་བར་ལྟ་སྐུལ་བྱས་ཤིང་། འཆར་གཞི་དང་བླང་བྱ། བྱ་བའི་འཕེལ་རིམ་ལྟར་ཤང་དང་གྲོང་རྡལ་སོ་སོའི་འགན་འཁྲིའི་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་སྟོན་བྱས་ཏེ། མང་ཚོགས་ཀྱི་སྲིད་ཇུས་ཤེས་ཚད་དང་ཕྱུགས་རིགས་ཇེ་ཉུང་དུ་གཏོང་བའི་འདུ་ཤེས་མཐོ་རུ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།