ཐེ་བོ་རྫོང་གི་དབུལ་ཐར་ལ་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས2018ལོའི་དབུལ་ཐར་བྱ་བ་ལེགས་པོར་བསྒྲུབས་ཤིང་། དབུལ་ཕོངས་མི་འབོར་དང་དབུལ་ཕོངས་སྡེ་བ་ཚད་ལྡན་དང་རིམ་ལྡན་ངང་དབུལ་ཕོངས་ལས་ཐར་བའི་ཆེད་དུ། ཟླ10བའི་ཚེས20ཉིན་ནས28ཉིན་གྱི་བར། ཐེ་བོ་རྫོང་གི་དབུལ་ཕོངས་ལས་ཐར་བའི་བྱ་བར་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ།

ཐེངས་འདིའི་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་དཔྱད་བཤེར་ནི2018ལོའི་སྡེ་བ་ཡོངས་དབུལ་ཕོངས་ལས་ཐར་བ་དང་། གྲོང་གསེབ་མི་འབོར་དཔྱད་བཤེར་ལས་ཐར་བ་རྒྱལ་ཁབ་ཀྱི་ཚོད་དཔག་སྐབས་ཀྱི་བསྡུ་གྲངས་དང་ཉེ་ལ། རྫོང་ཡོངས་ཀྱི་ཚོད་དཔག་ལས་ཐར་བའི་སྡེ་བ20ལས། སྡེ་བ་རེ་རེ་ནས་ཁྱིམ་ཚང16བདམས་ནས་ཞིབ་བཤེར་རྩིས་ལེན་ནན་མོ་བྱས། སྔོན་ཆད་ཀྱི་ལོ་རེ་རེའི་དབུལ་ཐར་སྡེ་བ་དང་། དབུལ་ཕོངས་སྡེ་བ 3ལྷག་ཡོད་པ་ལས། ཁྱིམ་ཚང15བདམས་ནས་ཞིབ་བཤེར་རྩིས་ལེན་ནན་མོ་བྱས། དབུལ་ཕོངས་མ་ཡིན་པའི་སྡེ་བ5ལས། ཁྱིམ་ཚང15ལ་ཞིབ་བཤེར་རྩིས་ལེན་བྱས།

དེ་དང་མཉམ་དུ། རང་བགར་གྱིས་སྡེ་བ3གྱི་རོང་འབྲོག་སྡེ་ལ་ཕྱོགས་ཡོངས་ནས་དཔྱད་བཤེར་བྱས་སྟེ་ཁྱིང་ཚང715བདམས། ཞིབ་བཤེར་རྩིས་ལེན་ཚན་ཆུང་སྡེ་བའི་ནང་ཐོན་རྗེས། མི2རེ་ཚོ་སྐོར་རེ་བྱས་སྟེ། ཚོ་ཆུང11ཁྱིམ་ཚང་དུ་སོང་། 《དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་གྱི་གཏན་འབེབས་ཡི་གེ》 ཁྱིམ་ཚང་གི་དབུལ་ཐར་རྒྱུ་ཆ་དང་རོང་འབྲོག་སྡེའི་ཕན་ཚུན་བགྲོ་གླེང་སོགས་ཀྱི་རྣམ་པ་སྤྱད་ནས། 《ཁྱིམ་ཐོ་དཔྱད་བཤེར་རེའུ་མིག》གི་ནང་དོན་ལ། ཕྱོགས་ཡོངས་ནས་གདེང་འཇོག་དང་བསམ་འཆར་བཏོན། ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་དབུལ་ཕོངས་ལས་ཐར་བའི་སྡེ་བ20ལ་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ། 

དེ་དང་མཉམ་དུ་དཔེ་རྣམ་ལེན་པའི་སྡེ་བ25ཡོད་པའི་གྲོང་གསེབ་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོ་དང་། སྡེ་བའི་ལས་བྱེད་པ། མི་དམངས་འཐུས་མི། སྲིད་གྲོས་ཨུ་ཡོན། དབུལ་ཕོངས་སྡེ་བའི་ཧྲུའུ་ཅི་དང་པོ་དང་། སྡེ་བར་སྡོད་པའི་དབུལ་སྐྱོར་བྱ་བྱེད་རུ་དཔོན་ལ་བཅར་འདྲི་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།