ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་“གྲོང་གསེབ་ཀྱི་སྡིངས་ཆ”16023བསྐྲུན་པ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2017ལོའི་ལོ་མཇུག་བར་ཏུ། ཞིང་ཆེན་དེ་ཡོངས་ཀྱི་རིམ་པ་ཁག་གིས་མ་དངུལ་སྒོར་དུང་ཕྱུར31ལྷག་གྲབས་གསོག་བྱས་ནས་སྲིད་འཛིན་གྲོང་ཚོ16023གྱི“གྲོང་གསེབ་ཀྱི་སྡིངས་ཆ”འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་དང་། ཡུལ་གཞན་དུ་གནས་སྤོ་སྲིད་འཛིན་གྲོང་ཚོ་ལས་གཞན་ཚང་མར“གྲོང་གསེབ་ཀྱི་སྡིངས་ཆ”བསྐྲུན་པ་རེད།

ཉེ་བའི་ལོ་གསུམ་རིང་། ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“གྲོང་གསེབ་ཀྱི་སྡིངས་ཆ”འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས། གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་དང་། ཏང་ཡོན་སློབ་གསོ། ལུས་རྩལ་ལུས་སྦྱོང་། ཚན་རིག་ཁྱབ་གདལ། གསོ་སྦྱོང་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་སྲིད་འཛིན་གྲོང་ཚོ་ཁག་ཏུ་སྒྲིག་བཀོད་བཟང་བ་དང་། ཕན་ནུས་མང་བ། ཞབས་ཞུ་ལེགས་པ་བཅས་ཀྱི་གྲོང་གསེབ་རིག་གནས་བྱེད་སྒོ་སྤེལ་ཡུལ་བསྐྲུན་ཏེ། ཞིང་པ་ཚོར་བལྟ་བྱའི་དཔེ་དེབ་དང་ལྟད་མོ་དང་། ཚན་རིག་ཁྱབ་གདལ་དང་གསོ་སྦྱོང་བཅས་ཡོད་པར་བྱས་ནས། གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་འཐུས་ཚང་མེད་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།