ཅོ་ནེ་རྫོང་གིས་ཐོན་ལས་དབུལ་སྐྱོར་གྱིས་གནད་ཁེལ་ངང་ཡོངས་སུ་ཁྱབ་པར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་གནད་ཁེལ་ངང་རྩ་བར་བརྟག་པ་དང་གནད་ཁེལ་ངང་སྲིད་ཇུས་དོན་འཁྱོལ་བྱས་པ། ཐོན་ལས་དབུལ་སྐྱོར་དང་ལས་གཞིའི་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར།  སྨན་བཅོས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར་བཅས་བྱས་ནས་ཅོ་ནེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལེའུ་གསར་བ་ཞིག་གི་འགོ་བརྩམས།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བཏོན་པའི་ཁྱད་ལྡན་ཐོན་ལས་བརྒྱད་ལ་གནད་ཁེལ་དབུལ་སྐྱོར་ལོ་གསུམ་ལ་ལག་བསྟར་བྱ་དགོས་པའི་ཐབས་ཇུས་དང《ཀན་སུའུ་ཞིང་ཆེན་གྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལག་བསྟར་བྱ་ཐབས》ལྟར།  གཅིག་གྱུར་སྒོས་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི2000བཀོད་སྒྲིག་བྱས་ཤིང་ཤང་གྲོང15ཡི་དབུལ་ཕོངས་ཁྱིམ་ཚང6878ལ་ནས་དང་སྐེ་ཚེ། ཀྲུང་བོད་སྨན་རྫས་ཐོན་ལས་ཐད་རོགས་སྐྱོར་བྱས་ཤིང་།  《ཅོ་ནེ་རྫོང་གི་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་གོང་འཕེལ་རོགས་སྐྱོར་དབུལ་སྐྱོར་མཁྲེགས་གཏོར་ལག་བསྟར་བྱ་ཐབས》གཏན་ཁེལ་བྱས།  གཅིག་གྱུར་སྒོས“ཁུལ་གཉིས་དང་རྫོང་གཅིག”གི་ཐོན་ལས་གསོ་སྐྱོང་མ་དངུལ་སྒོར་ཁྲི3506བཀོད་སྒྲིག་བྱས་ནས།  ཆ་རྐྱེན་ལྡན་པ་དང་རེ་འདོད་ཡོད་པའི་དབུལ་ཕོངས་ཁྱིམ་ཚང1753ལ་ཟོག་ལུག་ཐོན་ལས་གོང་འཕེལ་དུ་བཏང་ཞིང་།  གནས་སུ་ཐོན་པའི་མ་དངུལ་ཚང་མ་ཚད་འབེབས་བྱས་ནས་ཚོང་གཉེར་གཙོ་གཞི་ལ་མ་རྐང་དུ་བཞག་པ་དང་།  མིག་སྔར་ཤང་གྲོང་དུ་ལག་བསྟར་བྱ་ཐབས་འཐུས་ཚང་དུ་བཏང་བཞིན་ཡོད་ལ《ཅོ་ནེ་རྫོང་ཀྲུང་ཧྭའི་སྦྲང་མ་གསོ་སྤེལ་ཐོན་ལས་ལག་བསྟར་བྱ་ཐབས》གཏན་ཁེལ་བྱས་ནས། གཅིག་གྱུར་སྒོས་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི459བཀོད་སྒྲིག་བྱས་ནས་ཚད་དང་རན་པའི་ཤང་གྲོང་དང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང915ལ་ཀྲུང་ཧྭ་སྦྲང་མ་གསོ་སྤེལ་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་བཀོལ།  རྫོང་ཡོངས་སུ་བསྡོམས་པས་མཉམ་ལས་ཁང780ཐོ་འགོད་བྱས་ཡོད་པ་དང་དེའི་ཁྲོད་དུ་དབུལ་ཕོངས་སྡེ་བའི་མཉམ་ལས་ཁང458ཡོད།  ཞིང་བའི་ཆེད་ལས་མཉམ་ལས་ཁང་གིས་དབུལ་ཕོངས་སྡེ་བ་ལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང5དང་ཁུལ་རིམ་པའི་དཔེ་སྟོན་མཉམ་ལས་ཁང15དང་།  རྫོང་རིམ་པའི་དཔེ་སྟོན་མཉམ་ལས་ཁང25ཡོད་ལ།  མཉམ་ལས་ཁང་གིས་དབུལ་ཕོངས་ཁྱིམ་ཚང1760ལ་སྐུལ་ཁྲིད་བྱས།  ཞིང་ལས་དང་ནགས་ལས། ཉ་ལས་བཅས་ཀྱི་ཐོན་ལས་ཀྱི་ཁེ་ལས114ཐོ་འགོད་བྱས་པ་དང་རྫོང་རིམ་པའི་ཕུལ་བྱུང་ཁེ་ལས12ཡོད་པ་དང་ཁེ་ལས་ཀྱིས་མཉམ་ལས་ཁང14ལ་སྐུལ་ཁྲིད་བྱས་པ་དང་དབུལ་ཕོངས་ཁྱིམ་ཚང142ལ་སྐུལ་ཁྲིད་བྱས། །                                                             

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།