ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་གྱིས་ཐེ་བོ་རྫོང་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་དང་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བཞོ་ཡེ། རྔ་བ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་མིང་ཧུའེ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀླུ་རྒྱལ་བཅས་ཀྱིས་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁུལ་བཞིའི་སྲིད་གྲོས་ཨུ་ཡོན་ཁྲིད་དེ་ཐེ་བོ་རྫོང་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། མའོ་ཀྲུའུ་ཞིའི་སྡོད་ཤུལ་ལ་མཇལ་ཞིང་ལ་གཟར་འགག་གཡུལ་འགྱེད་དྲན་གསོ་ཁང་ལ་ལྟ་སྐོར་བྱས།

ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ་དང་། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཞའོ་ནན་དང་རྨིན་ཀྲན་པིའོ། སྒྲོལ་མ་སྐྱབས། རྔ་བ་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་མོའུ་ཝེ་ཏུང་། མགོ་ལོག་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ཅི་ཧའོ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཏུའུ་ཡུང་། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་། དེ་མིན་ཐེ་བོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་པས་ལྟ་ཞིབ་བྱེད་པར་འགྲོ་རོགས་བྱས།

ལྟ་ཞིབ་ཚོགས་པ་འཁོར་དང་བཅས་པ་སྔ་གཞུག་ཏུ་སྟེང་ཀ་གྲོང་རྡལ་ཡ་གུ་སྡེ་བ་དང་མ་གུ་སྡེ་བ། སྤེ་ཡག་སྡེ་བ། གསེར་གཞོང་སྡེ་བ། དབང་བཟང་གྲོང་རྡལ་ཚུར་རི་ནང་། ལ་གཟར་འགག་གྲོང་རྡལ་བཅས་སུ་སོང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོང་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མའོ་ཀྲུའུ་ཞིའི་སྡོད་ཤུལ་ལ་མཇལ་ཞིང་ལ་གཟར་འགག་གཡུལ་འགྱེད་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་མ་ཟད། ལ་གཟར་འགག་གཡུལ་འགྱེད་དྲན་གསོ་རྡོ་རིང་གི་མདུན་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གུས་འདུད་ཞུས།

ཀན་ལྷོ་དང་རྔ་བ། རྨ་ལྷོ། མགོ་ལོག་ཁུལ་བཞི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་དུ་ཆགས་ཀྱང། ཁུལ་བཞིའི་རི་ཆུ་འབྲེལ་ཏེ་ཡུལ་སྲོལ་གོམས་གཤིས་འདྲ་བ་དང་། རིག་གནས་ཕན་ཚུན་འདྲེས་ཤིང་སྐད་ཆ་གཅིག་མཐུན་ཡིན་ལ་གནས་སྟངས་ཉེ་བ་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་ཀྱང་ཟབ་མོ་ལྡན་པས། མཉམ་ལས་ཀྱི་བར་སྟོང་དང་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། མེས་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་ལ་མི་རིགས་མཉམ་འདྲེས་ཀྱི་འགྲིམ་འགྲུལ་ཁྱམས་རིང་ཡིན་པ་དང། གནའ་བོའི་དར་གོས་འགྲུལ་ལམ་ཐང་བོད་གནའ་ལམ་གྱི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མི་རིགས་སྤུན་ཟླ་ཁུལ་བཞིས་གཅིག་སེམས་གཅིག་གཏད། ཕར་འགྲོ་ཚུར་འོང་མང་པོ་དང་འབྲེལ་འདྲིས་དམ་ཟབ་བྱས་པས། “ཁྱོད་ཀྱི་ཁྲོད་དུ་ང་ཡོད་ལ། ངའི་ཁྲོད་དུ་ཁྱོད་ཡོད་པའི”རྣམ་པ་ཞིག་ཆགས་ཡོད།

ཉེ་བའི་ལོ་འགར། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བྱ་བའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་མཐར་ཕྱིན་ནན་མོ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་ནམ་ཡང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་དང་སྐུལ་འདེད་བཏང་ཞིང་། “ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི”མིང་རྟགས་བསྐྲུན་པར་འཚོལ་ཞིབ་བྱས་ཏེ“ལྗང་མདོག་གི་འཕར་ཚད་གསར་བ་ནས་འགོ་བརྩམས་ཏེ། ཁོར་ཡུག་གསར་བརྗེའི་རིམ་སྤར་གྱི་པར་གཞི་བསྐྲུན”ཞེས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་བུ་གསར་བ་རིམ་བཞིན་བཏོད།

རྟོག་ཞིབ་ཚོགས་པས་ཐེ་བོ་རྫོང་གིས་ཁྱད་ལྡན་བབ་བཟང་ཐོན་ལས་ལ་བརྟེན་ནས་རོང་འབྲོག་སྡེའི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་འབྲེལ་ཡོད་སྒྲིག་ཆས་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ་ནས་འགོ་བརྩམས་ཏེ། གྲོང་གསེབ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཧུར་ཐག་གིས་ཇེ་མཐོར་བཏང་བ། འཕེལ་རྒྱས་ཀྱི་ཆ་རྐྱེན་བསྐྲུན་ཞིང་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་བྱས་ཏེ། རོང་འབྲོག་མང་ཚོགས་ཡོང་འཕར་ཕྱུག་འགྱུར་དང་འབྱོར་འབྲིང་དུ་བསྐྱོད་པར་ཁྲིད་སྟོན་བྱས་ཡོད་པར་བསམས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།