ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་དབུལ་སྒྲོལ་གྱི་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ལས་ཀའི་གསོ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དབུལ་སྒྲོལ་གྱི་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ལས་ཀའི་གསོ་སྦྱོང་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས་པ་རེད།

ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན་ཀྲའོ་ལིན་ཡོན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་བཀྲ་ཤིས་མཚོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མའོ་པའོ་དང་། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧུའེ་ཆིང་།  ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཅོན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཝང་ཅན་ཅུན་སོགས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོས་དབུལ་སྒྲོལ་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་འགྲེལ་བཤད་བྱས། 

འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། གནད་ལ་འཁེལ་བའི་སྒོ་ནས་ཞིབ་བཤེར་རྩིས་ལེན་ཀྱི་ལས་ཀ་ཕྱོགས་ཡོངས་དང་མ་ལག་རང་བཞིན་གྱིས་སྤེལ་དགོས་པ་དང་། ཞིབ་བཤེར་རྩིས་ལེན་ཚོ་ཆུང་གི་ཁོངས་མི་དག་གིས་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་བཤེར་རྩིས་ལེན་གྱི་དམིགས་ཚད་ལ་ཞིབ་འཇུག་བྱེད་པ་། ད་ཐེངས་ཀྱི་ཞིབ་བཤེར་རྩིས་ལེན་ནི་ཞིབ་བཤེར་ཆེན་པོ་ཞིག་ཡིན་པ་དང་། དོན་སྙིང་གལ་ཆེན་ལྡན་པས་གཙིགས་ཆེན་དུ་འཛིན་དགོས་ལ། རྫུན་བཟོ་གཏན་ནས་མི་བྱེད་པ་དང་། ཆད་ལུས་མེད་པར་ལེགས་སྒྲུབ་སྒོས་ཞིབ་བཤེར་རྩིས་ལེན་བྱེད་པའི་འཆར་གཞི་ལེགས་འགྲུབ་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་ལྟ་སྐུལ་ཞིབ་བཤེར་དང་སྐོར་བཤེར་དང་། གྲུབ་འབྲས་ལ་དཔྱད་ཞིབ། དག་ཐེར་གནས་ཚུལ་དང་གནད་དོན་གྱི་བྱ་ཐབས་དང་སྒྲུབ་ཐབས་ལ་མཐོང་ཆེན་བྱས་ཏེ་ཕྱོགས་བསྡུས་དང་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།