ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་འཕིགས་གནད་འཁེལ་བྱས་ཏེ། བཅོས་བསྒྱུར་ཐད་སྟོབས་ཤུགས་མཉམ་འདོན། འགག་སྒོ་མང་བོ་གཏོར་བ། སྐུལ་སྤེལ་གཏིང་ཟབ་ཀྱི་སྣང་ཚུལ་ཅུང་བཟང་བོ་ཞིག་ཆགས་པ་མ་ཟད། སྤྱི་ཚོགས་ཡོངས་སུ་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་མངོན་གསལ་གྱིས་ཇེ་དྲག་སོང་ཡོད། 

དཔལ་འབྱོར་དང་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་བཅོས་བསྒྱུར་ཐད་གྲུབ་འབྲས་མངོན་གསལ་དོད་པ། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གྱི་རྨང་གཞི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཅོས་བསྒྱུར་ལ་འབྲེལ་བ་ཡོད་པའི་བྱ་བ་གཙོ་བོ་འབུར་དུ་གཏོད་དེ་འཛིན་པ། སྲིད་གཞུང་གི་འགན་ནུས་བསྒྱུར་ཚད་ཇེ་མགྱོགས་དང་སྲིད་འཛིན་མཆོག་མཆན་བཀོད་པའི་དོན་ཚན་སྟབས་ཇེ་བདེ། ཚོང་དོན་ལམ་ལུགས་བཅོས་བསྒྱུར་ལག་བསྟར་ཟབ་མོ། མཁོ་ཚོང་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྱི་གསོན་ཤུགས་ཇེ་དྲག་བཏང་བ་མ་ཟད། རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་ཡིད་ལ་བཟུང་ནས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཇེ་ཟབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ཤུགས་ཚད་ཇེ་ཆེར་བཏང་། 

དམངས་གཙོའི་ཁྲིམས་སྐྱོང་བཅོས་བསྒྱུར་བྱེད་ཐབས་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་བ། མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཞེས་པའི་བརྗོད་གཞི་ཁོང་དུ་ཆུད་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་གྱི་གྲུབ་འབྲས་འབུར་དུ་ཐོན་ཡོད་པ་དང་། ཧུར་བརྩོན་གྱིས་འཐུས་མི་དང་ཨུ་ཡོན་གྱི་འགན་ནུས་ལས་སྟེགས་བཙུགས་ནས་བསྟུད་མར་ཤང་གྲོང་གི་དམངས་ཆེན་འཐུས་མིའི་ཁྱིམ་གཞི་དང་འཐུས་མིའི་འབྲེལ་གཏུགས་བྱ་བྱེད་ས་ཚིགས་ཀྱི་འཁོར་རྒྱུག་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། ཤང་གྲོང་དམངས་ཆེན་བྱ་བའི་འཛུགས་སྐྲུན་ཚད་གཞི་ཅན་དང་འགན་ནུས་ཚད་ལྡན་ཅན།བྱ་འགུལ་རྒྱུན་ལྡན་ཅན་དུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ནས་འཐུས་མི་དང་ཨུ་ཡོན་སྲིད་ཞུགས་སྲིད་གླེང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས།

རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་དུ་བཏང་བ། ཁོངས་ཡོངས་ཀྱི་ཡུལ་སྐོར་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད། རིག་གནས་ཡུལ་སྐོར་གྱིས་ཕྱི་ཕྱོགས་དྲིལ་བསྒྲགས་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་བྱས་ཏེ་རིག་གནས་ཆེན་མོ་ལྔའི་སྤུས་རྟགས་ལ་དམིགས་ནས་ཁྱོན་ཡོངས་དང་རིམ་པ་མཐོན་པོས་ཅོ་ནེ་རྫོང་གི་ཡུལ་སྐོར་ཐོན་ཁུངས་བབ་བཟང་དྲིལ་བསྒྲགས་བྱས།

སྤྱི་ཚོགས་ལས་དོན་མངའ་ཁོངས་ཀྱི་བཅོས་བསྒྱུར་ལ་གྲུབ་འབྲས་ཡོད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་དེ་སྤྱི་ཚོགས་སྒྲིག་གཞི་བཅོས་བསྒྱུར་གྱི་འགོ་འཛུགས་ས་དང་མཇུག་བསྡུ་ས་བྱས་ཏེ་མུ་མཐུད་དུ་ལས་ཞུགས་གསར་སྐྲུན་གྱི་ཐབས་ལམ་རྒྱ་བསྐྱེད་དུ་བཏང་། བསྟུད་མར་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ལམ་ཐག་རིང་བ་དང་ལམ་སྟབས་མི་བདེ་བའི་ས་ཁུལ་གྱི་སློབ་ཁྲིད་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་སོང་ཡོད། སྨན་བཅོས་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་ས་ཚིགས་གཅིག་གི་རྣམ་པའི་བསྡོམས་རྩིས་བྱེད་འགོ་བརྩམས་ཏེ་སྨན་པར་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཚང་མར་ཕན་ལྡན་ངང་ཐག་གཅོད་བཟང་བོ་བྱུང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་འགན་སྲུང་ལམ་ལུགས་འཐུས་ཚང་དང་སྡེ་བ་རིམ་པའི་རྒན་གསོ་ལྟེ་གནས་ཀྱི་འཛུགས་སྐྲུན་ཁེབས་ཚད་མུ་མཐུད་དུ་རྒྱ་བསྐྱེད་དུ་བཏང་བས། སྤྱི་ཚོགས་ལས་དོན་སོ་སོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་ཐོབ་ཡོད།

མང་ཚོགས་ཚོགས་ཁག་མངའ་ཁོངས་བཅོས་བསྒྱུར་ཟབ་སྤེལ་བྱས་པ། ཐོག་མཐའ་བར་གསུམ་དུ་ཏང་གིས་མང་ཚོགས་ཚོགས་པའི་བྱ་བའི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཏང་གི་མང་ཚོགས་ཚོགས་ཁག་བཅོས་བསྒྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་ནན་ཏན་བྱས་ཏེ་ནུས་པ་གང་ཡོད་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་བསྒྱུར་སྐུལ་སྤེལ་དང་གུང་གཞོན་ཚོགས་པ་བཅོས་བསྒྱུར་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བ། བཟོ་ཚོགས་བཅོས་བསྒྱུར་བརྟན་བརླིང་གིས་སྐུལ་སྤེལ། རིམ་གྱིས་ཚན་རྩལ་མཐུན་ཚོགས་བཅོས་བསྒྱུར་སོགས་ཀྱི་བྱ་བ་སྤེལ་བས་མང་ཚོགས་ཚོགས་ཁག་གི་རྩ་འཛུགས་བྱ་བ་དང་ཞབས་ཞུའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་གསར་འགྱུར་ཚན་ཁག་གི་བདེ་སྐྱིད་འཚོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།