ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པས་ཀན་ལྷོ་ཁུལ་གྱི་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཉེ་ཆར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པས་ཀན་ལྷོ་ཁུལ་གྱི་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའམ་སྐོར་ཞིབ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཏི་ཡིས་གཙོ་འགན་ཁུར་ནས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ལ་གནས་ཚུལ་ཕྱིར་ལྡོག་བྱེད་པའི་གྲོས་ཚོགས་བསྡུས་ཏེ། སྐོར་ཞིབ་སྒྲིག་བཅོས་བྱ་བ་དམ་འཛིན་བྱེད་པར་བླང་བྱ་བཏོན། གྲོས་ཚོགས་ཀྱིས་ཡུས་ཁྲིན་ཧུའེ་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཏུའོ་ཡིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་སྟེང་སྐོར་ཞིབ་གནས་ཚུལ་ཞུ་བར་ཉན་སྐབས་ཀྱི་གཏམ་བཤད་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་ཚན་གཙོ་མ་ཆིན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚབ་བྱས་ཏེ་སྐོར་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས། ཡུས་ཁྲིན་ཧུའེ་ཡིས་ཕྱིར་ལྡོག་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་སྐོར་ཞིབ་སྒྲིག་བཅོས་བྱ་བ་ལེགས་པོ་བསྒྲུབ་པར་བསམ་ཚུལ་བཏོན་པའི་གཏམ་བཤད།

ཞིང་ཆེན་ཏང་ཨུའི་གཅིག་བསྡུས་བཀོད་སྒྲིག་ལྟར། 2018ལོའི་ཟླ4བའི་ཚེས23ཉིན་ནས་ཟླ7པའི་ཚེས27ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པས་ཀན་ལྷོ་ཁུལ་ལ་སྐོར་ཞིབ་བྱས། སྐོར་ཞིབ་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་རྒྱུ་དེ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་དང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་འཆར་འགོད་ནན་ཏན་གྱིས་དོན་འཁྱོལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གོ་གནས་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་འགོ་ཁྲིད་སྲུང་སྐྱོང་བྱེད་པ་རྩ་བའི་ཆབ་སྲིད་ལས་འགན་དུ་བཟུང་སྟེ། དབུལ་ཐར་མཁྲེགས་གཏོར་འབུར་ཐོན་དང་སྐོར་ཞིབ་བྱ་བའི་ཆབ་སྲིད་ལྟ་རྟོག་དང་རྩ་འཛུགས་ལྟ་རྟོག སྒྲིག་ལམ་ལྟ་རྟོག་གང་ལེགས་སྒོས་འདོན་སྤེལ་བྱས།

མ་ཆིན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཀན་ལྷོ་ཁུལ་གྱི་འཕེལ་རྒྱས་མགྱོགས་ལ་འགྱུར་ལྡོག་ཤིན་ཏུ་ཆེ། ལས་བྱེད་པའི་སེམས་ཤུགས་ཀྱི་ངང་ཚུལ་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་སེམས་ཤུགས་གཅིག་སྒྲིལ་སྒོས་དབུལ་ཐར་དམ་འཛིན་དང་ཐོན་ལས་དམ་འཛིན། འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུར་སྐྱོད་པའི་རྣམ་པ་བཅས་ཆགས་ཡོད། སྐོར་ཞིབ་བྱེད་སྐབས་མང་ཚོགས་ཀྱིས་ཀྱང་སྐོར་ཞིབ་ཚན་ཆུང་ལ་གནད་དོན་མང་པོ་བཏོན་པ་དང་། དེ་དག་འབྲེལ་ཡོད་གཏན་འབེབས་ལྟར་ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སོགས་ཀྱིས་ཐག་གཅོད་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚང་ཆུང་བདུན་པའི་ཚན་གཙོ་གཞོན་པ་དང་འབྲེལ་ཡོད་བློ་མཐུན། ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་རྟོག་ཞིབ་ཚན་ཆུང་གི་ཁོངས་མི་དང་ཀན་ལྷོ་ཁུལ་གྱི་ཏང་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་པ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་དག་གྲོས་ཚོགས་སུ་ཞུགས། ལས་གནས་སུ་ཡོད་པའི་ས་གནས་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་དང་ཁུལ་ཨུའི་སྒྲིག་ཨུ་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་སྡེ་ཚན་གྱི་ཁོངས་མི། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་སྲིད་འགན་ཁུར་མི་སྣ་གཙོ་བོ། ཁུལ་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཁུལ་ཐད་གཏོགས་སྡེ་ཚན་སོ་སོའི་འགན་ཁུར་མི་སྣ་དང་ཁུལ་རིམ་པ་ཡན་གྱི་ཏང་གི་འཐུས་མི་དང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་སོགས་གྲོས་ཚོགས་སུ་ཟུར་ཞུགས་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།