ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བར་སྐུལ་སྤེལ་གཏོང་བའི་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བར་སྐུལ་སྤེལ་གཏོང་བའི་ཚོགས་འདུ་བསྡུས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བའི་ཞིབ་དཔྱད་གནས་ཚུལ་བརྒྱུད་བསྒྲགས་དང་། 2019ལོ་ནས 2020ལོའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་མིང་ཐོ་ལ་གྲོས་ཞིབ་བྱས་པ་མ་ཟད་རྗེས་ཕྱོགས་ཀྱི་བྱ་བ་བཀོད་སྒྲིག་ནན་མོ་བྱས།

ཚོགས་འདུ་ཡིས་ལས་གཞི་འཛུགས་སྐྲུན་དང་བྱ་བའི་སྔོན་གྱི་གྲ་སྒྲིག འཆར་གཞི་དང་ལས་གཞིའི་གྲོས་ཞིབ་ཀྱི་བྱ་བ་ལེགས་པར་བསྒྲུབ་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱ་བ་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་ཡིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་དེས། གྲོང་གསེབ་དར་སྤེལ་དང་གནད་ཁེལ་དབུལ་སྐྱོར། གནད་ཁེལ་དབུལ་ཐར་བཅས་ལ་ནུས་པ་གལ་ཆེན་ཐོན་ལ། གཟབ་ནན་གྱིས965356འཛུགས་སྐྲུན་ཚད་གཞི་ལག་བསྟར་བྱེད་པ་དང་། ཤང་དང་གྲོང་རྡལ་སོ་སོས་འགན་ཁུར་དང་དུ་ལེན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་མང་ཚོགས་ཀྱི་བསམ་འཆར་ལ་བརྩི་འཇོག་དང་འཛུགས་སྐྲུན་བཀག་འགོག་གི་བྱ་བ་གཏན་དུ་བཀག་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་གྲོང་གསེབ་ཅིག་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།

རྫོང་ནོར་སྲིད་དང་སྡོད་ཁང་འཛུགས་སྐྲུན། བཅོས་སྒྱུར་དང་གོང་འཕེལ་ཨུ། སྐྱེ་ཁམས་དོན་གཅོད་ཁང་། ཞིབ་རྩིས་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་པ་སོགས་ཚོགས་འདུར་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།