ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་མཐོ་སྒང་གི་མུ་ཏིག་གྲོང་ཁྱེར་འཛུགས་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས་ཁུལ་སྲིད་གཞུང་གི་སྡོད་གནས་ཡིན་པའི་ཐུན་མིན་གྱི་ཁྱད་ཆོས་བེད་སྤྱད་དེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་སྦྲེལ་ནས། ཡུལ་སྐོར་ཆེད་ལས་སྡེ་བ་དང་ཡུལ་སྐོར་དབུལ་སྐྱོར་སྡེ་བ10འཛུགས་སྐྲུན་བྱས། མིག་སྔར་ཐུག་བར་དུ། གཙོས་གྲོང་ཁྱེར་དུ་ཕྱི་རོལ་ཡུལ་སྐོར་སྤྲོ་གསེང་གནས40ལྷག་དང་། རོང་འབྲོག་བོད་ཁྱིམ་སྤྲོ་སྐྱིད་ཁང60ལྷག་ཙམ་ཡོད་ལ། ཡུལ་སྐོར་ལས་ཞུགས་མི་སྣ1600ལྷག་ལ་བསླེབས་ཡོད།

གཙོས་གྲོང་ཁྱེར་གྱིས“ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ”གསར་གཏོད་བྱེད་པའི་གོ་སྐབས་དང་བསྟུན་ནས། རྒྱལ་ལམ213དང་ཞིང་ཆེན་རིམ་པའི་ལམ306ཀ་ཇུ་ནས་གཙོས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་འགྲིམ་འགྲུལ་གྱི་ལམ་ཐིག་གཙོ་བོའི་ལམ་འགྲམ་དུ། སྐེ་ཚེ་མེ་ཏོག་དང་མེ་ཏོག་སྤྱན་གཟིགས་ཁུལ་མུའུ1667འཛུགས་སྐྲུན་བྱས་པ་དང་། ཡུལ་སྐོར་གསང་སྤྱོད་ཁང36 དང་ལྗོངས་གཟིགས་སྟེགས་བུ་སོགས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱས་ནས་ཡུལ་སྐོར་གྱི་ཡུལ་སྲོལ་གོམས་འདྲིས་ལྡན་པའི་ལམ་ཐིག་འཛུགས་སྐྲུན་བྱས། མིག་སྔར་ཐུག་བར་དུ།  2017 ལོར་ལས་འགོ་བརྩམས་པའི་འབྱོར་འབྲིང་སྡེ་བ25ཡིས་ཨར་ལས་མྱུར་ཚད་ཀྱི90 %དང2018ལོར་ལས་འགོ་བརྩམས་པའི་འབྱོར་འབྲིང་སྡེ་བ28ཀྱིས་ཨར་ལས་མྱུར་ཚད35%གྲུབ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། གཙོས་གྲོང་ཁྱེར་གྱིས་བསྡོམས་པས་གད་སྙིགས་དབོར་འདྲེན་རླངས་འཁོར57དང་གད་སྙིགས་བསྡུ་རུབ་རླངས་འཁོར110དང་གད་སྙིགས་བླུག་སྣོད1690བཀོད་སྒྲིག་བྱས། དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་ཆེད། ཤང་སྡེ་རེ་རེ་དང་གཞུང་ལམ་རེ་རེ། ཆུ་བོ་རེ་རེར་གཙང་སྦྲ་བ་བཀོད་སྒྲིག་བྱས། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་བསྡོམས་པས་གཙང་སྦྲ་བ395གླས་ཡོད། ད་ལོ་ནས་བཟུང་། ཐའེ་ཝན་མནའ་མཐུན་ཀྲུང་དབྱང་དང་པེ་ཅིན་གྲོང་ཁྱེར་སྲིད་གྲོས། བོད་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་རྒྱུན་ཨུ་ཁང་སོགས་ཀྱི་རྟོག་ཞིབ་ཚན་ཆུང60ལྷག་སྔ་གཞུག་ཏུ་གཙོས་གྲོང་ཁྱེར་དུ་རྟོག་ཞིབ་ལྟ་སྦྱོང་བྱེད་པར་ཡོང་ནས་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་དང་ཁོངས་ཡོངས་སུ་གད་སྙིགས་མེད་པར་གདེང་འཇོག་ཆེན་པོ་ཐོབ།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།