ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཕྱོགས་དྲུག་གི་ཐད་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པ་དམ་འཛིན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པའི་བྱ་བ་གཙོ་བོ་དེ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བའམ་ཞིང་ཆེན་དང་ཁུལ་གྱིས་གཏན་ཁེལ་བྱས་པའི་ཧ་ཅང་དབུལ་བའི་སྡེ་བ་ནས་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ300ཡི་མཆན་བཀོད་བཀའ་ལེན་ཐོབ་པའི་ལས་གཞིར་སྤྱིའི་མ་དངུལ་སྒོར་དུང་ཕྱུར31.3བཏང་བ་དང་། ཁྱིམ་ཚང19741གི་མི་གྲངས་ཁྲི8.9དང་འབྲེལ་བས། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱིར13.77དང་ལས་གཞིའི་སྤྱིའི་མྱུར་ཚད་ཀྱི44%ལེགས་གྲུབ་བྱུང་། མིག་སྔར། ལས་གཞིའི་དུས་འགོའི་བྱ་བ་དང་སྒྲུབ་ཚད། སྤུས་ཚད། དོ་དམ་དང་ཞིབ་བཤེར་རྩིས་ལེན་བྱ་བ་སོགས་གནད་འགག་གི་བྱ་བ་ལ་དམིགས་ནས། ཧུར་ཐག་གིས་ཕྱོགས་དྲུག་གི་ཐད་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པ་དམ་འཛིན་བྱས།    

ཕྱོགས་ཡོངས་ནས2016ལོ་དང2017ལོའི་ལས་གཞི་ཞིབ་བཤེར་རྩིས་ལེན་བྱ་བ་ལེགས་གྲུབ་བྱུང་བ། ལས་གཞི་ཞིབ་བཤེར་རྩིས་ལེན་བྱ་བ་ངེས་པར་དུ“སྡེ་བ་རེ་ལ་ཞིབ་གཅོད་རེ”དང“སྡེ་བ་རེ་ལ་ཞིབ་བཤེར་རེའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལོ་མཇུག་ཐུག་བར་དུ་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་དགོས།    ལས་གཞིའི་མ་དངུལ་གཅིག་གྱུར་སྡེབ་སྒྲིལ་བྱེད་པ། དབུལ་སྐྱོར་ལས་གཞི་དང་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱེད་པ། ཉེན་ཁང་བསྒྱུར་བཀོད་སོགས་ཞིང་བ་དང་འབྲེལ་བའི་ལས་གཞིའི་མ་དངུལ་གཅིག་གྱུར་གྱིས་བེད་སྤྱོད་ཡག་པ་བྱ་དགོས།     ཧུར་ཐག་གིས་རྒྱལ་ཁབ་ཀྱི་མ་འཇོག་བརྩོན་ལེན་བྱེད་པ། ཀྲུང་དབྱང་ནོར་སྲིད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གིས་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པ་དེ་རྒྱལ་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་མིག་དཔེའི་རྟོག་ཞིབ་བྱ་ཡུལ་དུ་གཏན་ཁེལ་བྱེད་པའི་གོ་སྐབས་ཆེན་མོ་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱིས་ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བར་ཆེད་སྤྱོད་མ་དངུལ་གཏོང་བར་བརྩོན་ལེན་བྱ་དགོས།    རྗེས་ཕྱོགས་ཀྱི་ལོ་གཉིས་ཀྱི་དུས་འགོའི་བྱ་བ་ཇུས་འགོད་བྱེད་པ། གྲོང་ཁྱེར་དང་རྫོང་སོ་སོས་དབུལ་ཐར་མཁྲེགས་གཏོར་བྱ་འགུལ་དང་འབྲེལ་ནས། 2019ལོ་དང2020ལོའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པའི་དུས་འགོའི་བྱ་བ་མྱུར་དུ་ཇུས་འགོད་བྱས་ཏེ། ཟླ11པའི་ཟླ་མཇུག་གི་སྔོན་དུ་ཇུས་འགོད་དང་ཐབས་ཇུས་སྒྲིག་བཟོའི་བྱ་བ་ལེགས་གྲུབ་བྱུང་ནས། ཕྱིར་ལོའི་ཟླ3པའི་ཟླ་དཀྱིལ་དུ་འཛུགས་སྐྲུན་བྱེད་འགོ་བརྩམ་དགོས།   

 ལྟ་སྦྱོང་བྱ་འགུལ་ཐེངས་ཤིག་རྩ་འཛུགས་བྱེད་པ། ཁུལ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བའི་ལྟ་སྦྱོང་བྱ་འགུལ་ཐེངས་ཤིག་རྩ་འཛུགས་བྱས་ཏེ། ལྟ་སྦྱོང་ལ་བརྟེན་ནས་མཐོར་འདེགས་བཏང་བ་དང་། མིག་དཔེ་ཡིས་ཁྱོན་ཡོངས་སྐུལ་ཁྲིད་བྱ་དགོས་པ། གྲོང་ཁྱེར་དང་རྫོང་སོ་སོས་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲ་སྒྲིག་བྱ་བ་སྣ་ཚོགས་ཡག་པོ་བསྒྲུབ་དགོས།     གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པ་དེ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཐོག་ཏུ་འབད་དགོས། སྡེ་ཚན་དང་མི་སྒེར་གང་ཞིག་གིས་རྫུན་བཟོ་དང་ཚད་གཞི་གང་འདོད་ལྟར་མར་བཅག་པ་སོགས་ཚུལ་མིན་བྱ་སྤྱོད་ཡོད་པར 《ཀན་ལྷོ་ཁུལ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་སྐྲུན་པའི་བྱ་བའི་འགན་འཁྲི་རྩད་གཅོད་བྱ་ཐབས(ཚོད་ལྟར་སྤྱོད་པ)》ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱ་དགོས།།                                                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།