ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས“བསྒྱུར་གསུམ”བསྒྱུར་བཅོས་ཀྱི་གོ་སྐབས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་གསར་དུ་ཆས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས“བསྒྱུར་གསུམ”བསྒྱུར་བཅོས་ཀྱི་གོ་སྐབས་ལ་བརྟེན་ནས། ཞིང་ལས་ཐོན་ལས་ཅན་གྱིས་དབུལ་ཕོངས་མང་ཚོགས་སྐུལ་ཁྲིད་བྱས་ཏེ་དབུལ་ཐར་གྱི་ལམ་གསར་དུ་ཆས།    ཅོ་ནེ་རྫོང་རྣ་ལུང་ཤང་ཁྲའོ་ཝུའུ་སྡེ་བ་ནི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་ཡིན་པས། སྡེ་བ་དེའི་གཞན་ཡུལ་གནས་སྤོ་ལས་གཞིར་མ་དངུལ་སྒོར་ཁྲི555བཏང་ནས། འགྲིམ་འགྲུལ་ཆ་རྐྱེན་ཞན་སར་འཚོ་གནས་བྱེད་པའི་ཁྱིམ་ཚང22རྨིན་གཙོས་ཞིང་ཆེན་རིམ་པ་གཉིས་པའི་གཞུང་ལམ་གྱི་འགྲམ་རྒྱུད་དུ་བཀོད་སྒྲིག་བྱས་ཤིང་། གནས་སྤོ་ལས་གཞིའི་རྒྱུན་མཐུད་མ་དངུལ་དང་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི2སྡེ་བའི་ཐུན་མོང་དཔལ་འབྱོར་ཀུང་སིར་མ་རྐང་བཞག  ད་ལོར་གནས་སྤོའི་ཁྱིམ་ཚང་རེ་ལ་ཁེ་སྤོགས་སྒོར3000རེ་ཐོབ།    

“བསྒྱུར་གསུམ”གྱི་གོ་སྐབས་ལ་བརྟེན་ནས། ཁྲའོ་ཝུའུ་སྡེ་བར་ཐུན་མོང་དཔལ་འབྱོར་ཀུང་སི་དང་གསོ་སྤེལ་རིགས་ཀྱི་ཆེད་ལས་མཉམ་ལས་ཁང3བཙུགས་ནས། དབུལ་ཕོངས་ཁྱིམ་ཚང་རེའི་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི0.8 -2སྡེ་བའི་ཐུན་མོང་དཔལ་འབྱོར་ཀུང་སི་རུ་མ་རྐང་དུ་བཞག་པ་དང་། རྫོང་ཐོག་ནས་སྨི་གྲུ་བཞི་མ540ཅན་གྱི་ཚོང་ཁང་ཞིག་ཉོས་པས། དབུལ་ཕོངས་ཁྱིམ་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར1000རེ་བགོ་ཐུབ་པ་དང་། ཀྲུང་ཧྭ་སྦྲང་མའི་གསོ་སྤེལ་གཞི་ས་བཙུགས་ནས། མ་རྐང་འཇོག་མཁན་གྱི་དབུལ་ཕོངས་ཁྱིམ་ཚང34ལ “མ་རྩ་བརྟན་སྲིང + ཁེ་ཕན”ལྟར་ཁེ་སྤོགས་བགོ་བ་དང་། ཁ་ཐོར་དུ་གསོ་སྤེལ་བྱེད་པའི་ཁྱིམ་ཚང40དང་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པས། ཁྱིམ་ཚང་རེར་ཡོང་འབབ་སྒོར2500འཕར་སྣོན་བྱུང་། མང་ཚོགས་ལ་སྲད་དཀར་དང་ཀླུ་བདུད་རྡོ་རྗེ་སོགས་བོད་སྨན་སྨན་རྫས་འདེབས་འཛུགས་བྱེད་པར་མཛུབ་ཁྲིད་བྱས་ཏེ། ཁྱིམ་ཚང་རེས་ཆ་སྙོམས་སྨན་རྫས་མུའུ2.9འདེབས་འཛུགས་བྱས་པ་དང་། སྨན་རྫས་ཐད་ལ་གསབ་དངུལ་སྒོར་ཁྲི 28.04འགྲེམ་གཏོང་བྱས་པ་དང་། ཁྱིམ་ཚང་རེར་དཔག་རྩིས་བྱས་ན་ཡོང་འབབ་སྒོར4500འཕར་སྣོན་བྱེད་ཐུབ། མིག་སྔར་ཐུག་བར་དུ། སྡེ་བར་ཐུན་མོང་ཁེ་ཕན་སྒོར་ཁྲི18ཐོབ་པ་དང་། ཁྱིམ་ཚང་རེར་ཐོག་མའི་ཁེ་སྤོགས་སྒོར1000རེ་བགོས་པས། གཞན་ཡུལ་གནས་སྤོས་ཁྱིམ་ཚང་གནས་སྤོ་བྱེད་ཐུབ་པ་དང་ཕྱུག་འགྱུར་བྱེད་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་།།     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།