ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གི་ཚན་རྩལ་དཔེ་སྟོན་ཁུལ་གྱིས་ཐོན་ལས་མཉམ་འདུས་གོང་འཕེལ་ལ་སྣེ་ཁྲིད་བྱེད་པ་མངོན་འགྱུར་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ལས་དཔེ་སྟོན་ཁུལ་གྱིས་འདེབས་འཛུགས་གཞི་ཁྱོན་ཆུང་བ་དང་། མཁོ་སྤྲོད་དང་ཐོན་སྐྱེད་ཕྱིར་འཚོང་དོ་མི་སྙོམས་པ། ཚན་རྩལ་འདུས་ཚན་དམའ་བ། ཞིང་བར་སྣེ་ཁྲིད་ཀྱི་ནུས་པ་དེ་འདྲ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྲིད་གཞུང་གིས་སྣེ་ཁྲིད་དང་ཚོང་ར་ཅན་གྱི་འཁོར་སྐྱོད་ཀྱི་རིག་ལམ་ལྟར་ཡུན་ཏེང་ཞི་ཀྲེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དེ་ཅོ་ནེ་རྫོང་དུ་ཡོང་ནས“ཅོ་ནེ་ཞི་ཁྲིང་ཞིང་ལས་གོང་འཕེལ་ཚད་ཡོད་ཀུང་སི”ཐོ་འགོད་བྱས་ཤིང་། ཚན་རིག་གི་གཞུང་ལུགས་ཡོད་པའི་འཆར་འགོད་ཀྱི་རྨང་གཞིའི་སྟེང་དུPPPཡི་རྣམ་པ་སྤྱད་དེ་དཔེ་སྟོན་ཁུལ་གྱི་ནང་དུ་བཟོ་གྲྭ་ཅན་གྱི་སྡོང་ཕྲུག་གསོ་སྤེལ་ལྟེ་གནས་བཙུགས་པ་དང་། འཁྱགས་གཏོང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས། ཆ་འཕྲིན་ཞབས་ཞུའི་སྟེགས་བུ་བཅས་གཞི་གཅིག་ཡིན་པའི་ཐོན་ལས་ཞབས་ཞུའི་ལྟེ་གནས་བཙུགས་པས། ཞིང་ལས་རིག་གནས་ཐང་ཆེན་དང་བོད་ཀྱི་རིག་གནས་ཐང་ཆེན་སོགས་ལྗོངས་གཟིགས་སྒྲིག་གཞི་གཞི་གཅིག་ཡིན་པའི་སྐྱེ་ཁམས་ཞིང་ལས་ལྗོངས་གཟིགས་སྤྲོ་གསེང་ལྟེ་གནས། ཐའོ་ཡན། ཞིང་ཕྱུགས་ལས་ཐོན་རྫས། ཀྲུང་བོད་སྨན་རྫས་ལས་སྣོན་ལྟེ་གནས་དང་གསོ་སྤེལ་དང་འདེབས་འཛུགས་ལྟེ་གནས། ཧུར་བརྩོན་སྒོས་ཚན་རྩལ་དཔེ་སྟོན་ཁུལ་དེང་རབས་ཞིང་ལས་ཕྱོགས་བསྡུས་གསར་གཏོད་དང་ལས་སྣོན། སྤྲོ་གསེང་ལྗོངས་གཟིགས། གསོ་སྦྱོང་འགྲེམ་སྟོན། ཞིང་སྡེ་ཡུལ་སྐོར་བཅས་གཞི་གཅིག་ཡིན་པའི་ཞིང་ལས་ལྡུམ་རའི་ཕྱོགས་བསྡུས་ཕུང་བོ་ཞིག་ཏུ་བསྐྲུན་ཏེ། དཔེ་སྟོན་ཁུལ་གྱི་འགན་ནུས་གཙོ་བོ་འདོན་སྤེལ་བྱས་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདུས་གོང་འཕེལ་འབྱུང་རྒྱུ་དེ་ཡིན། 

གཉིས་ཁེ་དམིགས་འབེན་མངོན་འགྱུར་བྱ་ཆེད། ལིའུ་ལིན་གྲོང་རྡལ་དང་མ་རུ་གྲོང་རྡལ། མཁར་ཆེན་གྲོང་རྡལ། རྣ་ལུང་ཤང་བཅས་ཤང་གྲོང 4དང་དབུལ་ཕོངས་སྡེ་བ 14ཡི་སྣེ་ཁྲིད་དེ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཐོན་ལས་གོང་འཕེལ་ལ་རོགས་སྐྱོར་མ་དངུལ་དང་དབུལ་ཕོངས་ཁྱིམ་ཚང 536གི“ཁུལ་གཉིས་དང་རྫོང་གཅིག་གི”ཐོན་ལས་གསོ་སྤེལ་མ་དངུལ། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་ཚང་མ་ཅོ་ནེ་ཞི་ཁྲིན་ཞིང་ལས་གོང་འཕེལ་ཚད་ཡོད་ཀུང་སི་རུ་མ་རྐང་དུ་བཞག་ནས་ལོ་རེར་མ་རྐང་དུ་བཞག་པའི་མ་རྩའི 8%ལས་མི་དམའ་བའི་ཚད་གཞི་ལྟར་ཁེ་སྤོགས་བགོ་རྒྱུ།

དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་དུས་འགོ་དང་འཛུགས་སྐྲུན་གྲུབ་རྗེས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་དུ་རྒྱབ་སྐྱོར་ཆེན་པོ་བྱས་ནས་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་ནུས་པ་ཆེན་པོ་བཏོན་ཡོད། “ཁེ་ལས +གཞི་ས+ ཞིང་ཁྱིམ+ཞིང་ལས་སྲིད་ཇུས་རང་བཞིན་གྱི་འགན་ལེན”གྱི་འཁོར་སྐྱོད་བྱ་ཐབས་སྤྱད་དེ། འདེབས་འཛུགས་ཀྱི་ལག་རྩལ་ཞན་པ་དང་ཕྱིར་འཚོང་ལ་འདྲེན་བྱེད་མེད་པ་དང་། འདེབས་འཛུགས་ཀྱི་གཞི་ཁྱོན་ཆུང་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པས། ཁེ་ལས་ལ་ཁེ་སྤོགས་ཡོད་པ་དང་མང་ཚོགས་ལ་ཡོང་སྒོ་ཡོད་པ། ཐུན་མོང་དཔལ་འབྱོར་ལ་འདེགས་སྐྱོར་ཡོད་པ་བཅས་མངོན་འགྱུར་བྱུང་། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།