ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་རྒྱལ་དབང་འཛུགས་སྐྲུན་ས་ཞིང་གི་སྤྱོད་དབང་བཤུག་སྤྲོད་གཏོང་དངུལ་སྒོར་ཁྲི8000ལྷག་ལ་བསླེབས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་གྱིས་སྒོ་བྱང་བཀལ་ཏེ་གཙོས་གྲོང་ཁྱེར་གྱི་རྒྱལ་དབང་འཛུགས་སྐྲུན་ས་ཆ2ཀྱི་སྤྱོད་དབང་བཤུག་སྤྲོད་བཏང་། འགྲན་ཉོ་བྱེད་མཁན་གྱིས་ཡུལ་དངོས་ནས་ཛ་དྲག་གི་རིན་གོང་འགྲན་ལེན་བྱས་མཐར་སྒོར་ཁྲི1584ལྷག་གིས་ཚོང་འགྲིག་པས། ས་ཞིང་གི་གནས་ཐང་འཕར་ཚད་སྒོར་ཁྲི500ལ་བསླེབས།    ས་ཞིང་གཉི་ག་ནི་གཙོས་གྲོང་ཁྱེར་གྱི G0040130032-1(གཙོས་གྲོང་ཁྱེར་གྱི་ལྷ་མོའི་ལམ་དུ་གནས་པའམ་དཔའ་བོའི་དུར་སོ་ཁང་གི་ལྷོ་ངོས་སུ་གནས་པ།)ས་ཞིང་གི་སྤྱོད་དབང་དང་གཙོས་གྲོང་ཁྱེར་གྱིG0030102016(གཙོས་གྲོང་ཁྱེར་གྱི་སྣ་བུག་གྲོང་རྡལ་གྱི་རྟ་གསར་སྡེ་བ་རུ་གནས་པ)ས་ཞིང་གི་སྤྱོད་དབང་བཤུག་སྤྲོད་བཏང་། 

དེ་གཉི་གའི་ཐོག་མའི་རིན་གོང་ནི་སྒོར་ཁྲི861.2722དང་སྒོར་ཁྲི214.61ཡིན། ཐེངས་མ30ལྷག་གི་ཛ་དྲག་གི་རིན་གོང་འགྲན་ལེན་བྱས་པ་བརྒྱུད། ཆེས་མཇུག་མཐར་གཉི་གའི་རིན་གོང་སྒོར་ཁྲི1150དང་སྒོར་ཁྲི434.61གིས་ཚོང་འགྲིག་པས། གནས་ཐང་འཕར་བའི་རིན་གོང་སྒོར་ཁྲི288.7278དང་སྒོར་ཁྲི220ཡིན་པས། ཆ་སྙོམས་ཀྱི་རིན་གོང་སྤར་ཚད53.98%ལ་བསླེབས་པས། སྒོ་བྱང་བཀལ་ཏེ་བཤུག་སྤྲོད་གཏོང་བར་འདྲ་མཉམ་དང་དྲང་བཞག  དྲང་བདེན་ཡིན་པ་དང་ཁ་དོན་ཚིག་གནས། རིན་གོང་མཐོན་པོ་ཅན་ལ་དབང་བའི་འགྲན་ཚོང་གི་སྒྲིག་སྲོལ་གང་ལེགས་ཀྱིས་མཚོན་ཐུབ།    ད་ལོ་ནས་བཟུང་སྟེ། ཁུལ་སྤྱི་བའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་བསྡོམས་པས་རྒྱལ་དབང་ས་ཞིང27གྱི་སྤྱོད་དབང་བཤུག་སྤྲོད་བཏང་བ་དང་། བཤུག་སྤྲོད་བཏང་བའི་ས་ཞིང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ187660.95(མུའུ281.49)ཡིན་པ་དང་། ཚོང་འགྲིག་རིན་གོང་སྒོར་ཁྲི8191.1132ཐོབ་པས། རྒྱལ་དབང་འཛུགས་སྐྲུན་ས་ཆའི་གནས་ཐང་འཕར་བའི་རིན་གོང་སྒོར་ཁྲི512.2278མངོན་འགྱུར་བྱུང་བ་དང་། རིན་གོང་སྤར་ཚད6.67%ཡིན་པས། རྒྱལ་དབང་ས་ཞིང་གནས་ཐང་འཕར་བ་དང་། ས་གནས་ཀྱི་ནོར་སྲིད་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ལེགས་སྐྱེས་ཕུལ། །                                                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།