ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་ཞིང་ཕྱུགས་ནགས་ལས་ཅུའུ་ཡིས་ལས་སྟེགས་བསྐྲུན་ནས་རྨང་གཞི་སྲ་བརྟན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་དབུལ་ཕོངས་ཤང་གྲོང་གི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་གྱིས་སྐྱེད་སྲིང་དང་དར་རྒྱས་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་དང་གསར་དར་ལས་གཉེར་བྱེད་པོའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ཁྱིམ་ཚང་གཅིག་ལ་ཐབས་ཇུས་གཅིག”གི་གནད་ཁེལ་དབུལ་སྐྱོར་འཆར་གཞི་དོན་འཁྱོལ་བྱེད་པ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་། དབུལ་སྒྲོལ་འགག་སྒྲོལ་བྱ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཅོ་ནེ་རྫོང་གི་ཞིང་ཕྱུགས་ནགས་ལས་ཅུས་ན་ལུང་ཤང་དུ་ཟབ་ཞུགས་བྱས་ཏེ། ཝུན་ཆི་སྡེ་བའི་ཐོན་ལས་གོང་འཕེལ་མ་དངུལ་མ་རྐང་འཇོག་པའི་གན་འཇོག་མཛད་སྒོ་ལ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱས།

ཅོ་ནེ་ཞི་ཁྲེང་ཞིང་ལས་གོང་འཕེལ་ཚད་ཡོད་ཀུང་སི་དང་ཅོ་ནེ་རྫོང་ཝུན་ཆི་སྡེ་བའི་ཞིང་ལས་ཕྱོགས་བསྡུས་གོང་འཕེལ་ཚད་ཡོད་འགན་འཁྲི་ཀུང་སིས་བདེ་བླག་ངང་མ་རྐང་འཇོག་པའི་གྲོས་མཐུན་བཞག་པ་དང་། མ་དངུལ་སྒོར1676000ཡི་གན་རྒྱ་བཞག  དབུལ་ཕོངས་ཁྱིམ་ཚང118སྣེ་ཁྲིད་བྱས། སྔོན་དཔག་བྱས་ན་ལོ་མཇུག་ལ་ཁེ་སྤོགས་སྒོར་ཁྲི16.7བགོ་ཐུབ།

ཐེངས་འདིར་གྲོས་མཐུན་བཞག་པས། སྡེ་བའི་དབུལ་སྒྲོལ་འགག་སྒྲོལ་བྱ་བ་སྐུལ་འདེད་གཏོང་བར་མ་དངུལ་གྱི་རྨང་གཞི་ཅུང་ཡག་པོ་བཏིང་བས། དུས་ལྟར་དབུལ་སྒྲོལ་བྱེད་པར་གསོན་ཤུགས་སྤྲད། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།