ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་ཞི་ཨན་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་ངོ་སྤྲོད་ཀྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཀྱི་སྐུལ་སྤེལ་བྱ་འགུལ་ཞི་ཨན་གྲོང་ཁྱེར་ཏ་ཐང་ནུབ་ཕྱོགས་ཀྱི་ཚོང་ར་ཆེན་མོའི་ཐང་ཆེན་དུ་སྤེལ། བྱ་འགུལ་གྱི་དམིགས་ཡུལ་ནི་བསང་ཆུ་རྫོང་དང་ཉེ་འཁོར་གྱི་གྲོང་ཁྱེར་བར་ཡུལ་སྐོར་དང་རིག་གནས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་དང་མཉམ་འབྲེལ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

བྱ་འགུལ་ཁྲོད། བསང་ཆུ་རྫོང་གིས་བཀོད་སྒྲིག་བྱས་པའི་བྲོ་གར་ཆེན་མོ 《གསེར་དྲིལ་གྱི་རང་སྒྲ་སྟེ་བླ་བྲང》ཞེས་པས་གསོན་ཉམས་སྒོས་བསང་ཆུ་བླ་བྲང་གི་ཁྱད་ཆོས་ལྡན་པའི་དམངས་སྲོལ་གོམས་འདྲིས་ཞི་ཨན་གྲོང་ཁྱེར་གྱི་ཡུལ་མི་རྣམས་ཀྱི་མིག་གི་ལྟད་མོར་བཤམས་ཤིང་། ཞི་ཨན་གྲོང་ཁྱེར་གྱི་ཡུལ་མི་བླ་བྲང་གི་རིག་གནས་ལ་སྤྲོ་སྣང་སྐྱེ་རུ་བཅུག་པ་མ་ཟད། བསང་ཆུ་རྫོང་གིས་ཞི་ཨན་གྲོང་ཁྱེར་གྱི་ཡུལ་སྐོར་ཁེ་ལས་དང་མཉམ་འབྲེལ་གྱི་གྲོས་མཐུན་ཡི་གེ་བཞག

བྱ་འགུལ་སྐབས་སུ། ས་འོག་ལྕགས་ལམ་དང་ཡུལ་ལྗོངས་ཁུལ་སོགས་མི་མང་འདུས་པའི་ས་ཁུལ་དུ་དྲིལ་བསྒྲགས་ངོ་སྤྲོད་ཀྱི་ཡིག་ཆ་འགྲེམ་གཏོང་བྱས་པ་དང་བརྙན་ཐུང་དྲ་ཐོག་ཏུ་སྐུར་བ་བཅས་ཀྱི་བྱེད་ཐབས་ཀྱིས་ཞི་ཨན་གྲོང་ཁྱེར་གྱི་ཡུལ་མི་དང་ཡུལ་སྐོར་བ་དག་ལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ནས “ཀྲུང་གོའི་བོད་རིག་པའི་སློབ་གླིང་”བླ་བྲང་དུ་ཕེབས་པར་གདན་འདྲེན་ཞུས།

མི་དམངས་དྲ་བ་དང་ཞིན་ཧྭ་གསར་འགྱུར་དྲ་བ། ཀྲུང་གོའི་དྲ་བ། ཕྱི་གླིང་དྲ་བ། ཞིན་ལིའང་དྲ་བ། ཧྥུན་ཧོང་དྲ་བ། ཧྲན་ཞི་བརྙན་འཕྲིན་ཁང་སོགས་སྨྱན་བྱེད 30ལྷག་གིས་གནས་ཚུལ་སྤེལ་གཏོང་བྱས་པ་དང་། ཡུལ་སྐོར་ལས་དོན་ཁང་དང་སྤྲོ་སྐྱིད་གླིང 100ལྷག་གི་འགན་ཁུར་མི་སྣ་བྱ་འགུལ་དུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།