ཀྲུང་གོ་བོད་ཀྱི་དྲ་བ།

​ཐེ་བོ་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཁག35རྩད་གཅོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་སྒྲིག་ཨུ་དང་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་དེ“སྤྱོད་ངན་འགོག་པ་དང་། སྤྱོད་བཟང་ཤུགས་ཆེར་སྤེལ་བ། སྤྱོད་ཚུལ་གསར་བ་འཛུགས་པའི”སྤྱོད་ཚུལ་ལེགས་བཅོས་ཀྱི་བྱ་འགུལ་ཁྲོད་དུ་བཞག་སྟེ། རྒྱུན་ཆད་མེད་པར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་བསྣན་ཏེ། བསྡོམས་པས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཁག35རྩད་གཅོད་བྱས་ནས། མི42ཐག་གཅོད་བྱས་པ་དང་། མི35ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད།    རྫོང་འདིས་ཞུ་གཏུག་གི་ཐབས་ལམ་རྒྱ་བསྐྱེད་དེ། དབུལ་ཕོངས་སྡེ་བ་སོ་སོར་བརྙན་ལམ་ནས་ཐེར་འདོན་མ་ལག་བཙུགས་པ་དང་། མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་སྐུལ་སློང་བྱས། 

དུས་མཚུངས་སུ། ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་གསར་གཏོད། སྐྱེ་ཁམས་ཁ་གསབ་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་དང་དམ་དུ་འབྲེལ་ནས། མངགས་སྡོད་སྒྲིག་བཤེར་ཚན་ཆུང6བཙུགས་ཏེ། འབྲེལ་ཡོད་འགན་ཁུར་སྡེ་ཁག་དང་། གྲོང་རྡལ་དང་སྡེ་བ་རུ་སོང་ནས་དབུལ་སྐྱོར་ཁྱབ་ཁོངས་སུ་གནས་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཤིང་། གཙོ་གནད་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་མཐའ་གཅིག་ཏུ་མི་གནས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས། ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེ་ལ་གཟབ་ནན་དང་མྱུར་བའི་སྒོ་ནས་ཐག་གཅོད་བྱས་པ་མ་ཟད། ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱི་གྱོད་གཞི་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་གསལ་འདོན་བྱས། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།