ཀྲུང་གོ་བོད་ཀྱི་དྲ་བ།

མ་ཆིན་ལིན་གྱིས་ལིན་ཐན་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་མ་ཆིན་ལིན་གྱིས་ལིན་ཐན་རྫོང་དུ་དབུལ་ཐར་མཁྲེགས་གཏོར་དང་། དབུལ་སྐྱོར་མ་དངུལ་འགན་སྲུང་ལྟ་ཞིབ་ཆེད་དོན་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་པར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དབུལ་ཐར་མཁྲེགས་གཏོར་གྱི་གལ་ཆེའི་མཐའ་དཔྱོད་ཀྱིས་ཁྲིད་སྟོན་བྱས་ནས།དབུལ་ཐར་མཁྲེགས་གཏོར་བྱ་བ་ལེགས་པར་སྒྲུབ་པ་དེ་ནམ་ཡང་ཆབ་སྲིད་ཀྱི་འགན་འཁྲི་རུ་བཞག་ནས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་ཐར་ཚད་གཞི་ནན་པོར་བཟུང་ནས།དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ལས་འགན་དོན་འཁྱོལ་སྐུལ་འདེད་གཏོང་བ་དང་།ཐོན་ལས་དབུལ་སྐྱོར་གྱི་རྨང་གཞི་ཤུགས་ཆེན་སྒོས་དོན་འཁྱོལ་བྱེད་པ།དབུལ་སྐྱོར་མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་ལེགས་པར་སྒྲུབ་པར་ནུས་ཤུགས་གང་ཡོད་འདོན་དགོས།

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ།ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཝུའེ་ཕིང་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

མ་ཆིན་ལིན་འཁོར་དང་བཅས་པ་སྔ་གཞུག་ཏུ་ལིན་ཐན་རྫོང་ཅོག་རོ་ཤང་དང་ཁྲང་ཁྲོན་ཤང་། གཡང་ཡོང་གྲོང་རྡལ། ཏེན་ཙི་ཤང་། ཞིན་ཁྲིན་གྲོང་རྡལ་བཅས་ཀྱི་ཆེད་ལས་མཉམ་ལས་ཁང་དང་དབུལ་ཕོངས་ཁྱིམ་ཚང་བཅས་ལ་སོང་ནས་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་དང་ཐོན་ལས་དབུལ་སྐྱོར་སྤེལ་བའི་ཡུལ་དངོས་གནས་ཚུལ་ལ་ལྟ་ཞིབ་བྱས་ལ། དབུལ་སྐྱོར་མ་དངུལ་བཏང་བ་དང་བེད་སྤྱད་པ། དོ་དམ་བྱས་པའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོན་ལས་ཁྱད་ཆོས་ལྡན་པར་དབུལ་སྐྱོར་དང་དབུལ་སྐྱོར་མ་དངུལ་དོ་དམ་དང་བཀོལ་སྤྱོད་ལེགས་པོ་བྱེད་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

དེའི་རྗེས་སུ་ལིན་ཐན་རྫོང་དུ་ཡར་ཞུ་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་ཡིས་རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན་གྱིས་བསམ་ཚུལ་བཏོན་པའི་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།