ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་ཀན་ལྷོ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་གཏན་བརླིང་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་སྐྱིད་འཚོ།   སྤེལ་དུས། : 2018-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་གཏན་བརླིང་རྒྱུན་སྲུང་བྱས་པར་མ་ཟད། ནུས་པ་གང་ཡོད་ཀྱིསཡོང་འཕར་གཏན་བརླིང་དང་བཅོས་བསྒྱུར་སྐུལ་སྤེལ། སྒྲིག་གཞི་ལེགས་སྒྲིག   ཉེན་ཁ་འགོག་བཅོས་བཅས་ཀྱི་རིགས་སོ་སོའི་བྱ་བར་སྐུལ་སྤེལ་དང་། སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་བཏང་བའི་རྨང་གཞི་སྔར་ལས་ཀྱང་སྲ་བརྟན་དུ་བཏང་ཡོད། གཞི་གྲངས་ལས་མངོན་པར། ཁུལ་ཡོངས་སུ་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་རེ་གཉིས་དང་བྱེ་བ་གཅིག་ས་ཡ་དགུ་མངོན་འགྱུར་བྱུང་ཞིང་། དམིགས་འབེན་ལས་འགན་ལས་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་དགུ་ལེགས་འགྲུབ་བྱུང་བར་དུས་མཉམ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་གསུམ་འཕར། འཕར་ཚད་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་བཞི་འཕར་བར་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་གྲངས་གནས་གཉིས་ཚེས་གསུམ་ལས་མཐོ། དེའི་ནང་དུ། ཐོན་ལས་དང་བོ་ལེགས་འགྲུབ་བྱུང་བའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་ས་ཡ་ལྔ་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་འཕར།ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་བདུན་འཕར།ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ཉེ་གསུམ་དང་བྱེ་བ་བདུན་དང་ས་ཡ་ལྔ་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་འཕར་བ་བཅས་རེད།

ད་ལོའི་ལོ་སྟོད་དུ། ཀན་ལྷོ་ཁུལ་ཡོངས་ཀྱི་བཟོ་ལས་ཚང་མའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་བརྒྱད་ལེགས་འགྲུབ་བྱུང་བ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ཞེ་བཞི་དང་གྲངས་ཆུང་གཅིག་ལེགས་འགྲུབ་བྱུང་བར་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་ལྔ་འཕར།འཕར་ཚད་དེ་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་གྲངས་གནས་གསུམ་ལས་མཐོ་ཞིང་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་བརྒྱད་དང་ཚེག་དྲུག་ཇེ་མཐོར་སོང་ཡོད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་ཆད་ཀྱི་བཟོ་ལས་ཁེ་ལས་ཀྱིས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་དྲུག་ལེགས་འགྲུབ་བྱུང་བ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་བརྒྱད་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གཅིག་འཕར་བ་དང་། འཕར་ཚད་དམིགས་འབེན་ལས་འགན་ལས་བརྒྱ་ཆའི་གྲངས་གནས་བརྒྱད་དང་ཚེག་གཅིག་མཐོ་བ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་བཅོ་ལྔ་དང་ཚེག་བརྒྱད་ཇེ་མཐོར་སོང་། གཞི་ཁྱོན་མན་ཆད་ཀྱི་བཟོ་ལས་ཀྱིས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་གསུམ་དང་ས་ཡ་གཉིས་ལེགས་འགྲུབ་བྱུང་བ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་དགུ་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་གྲངས་ཆུང་གཅིག་འཕར་ཡོད།

ཀན་ལྷོ་ཁུལ་ཡོངས་སུ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་གྲངས་་སྒོར་དུང་ཕྱུར་ཉེར་གསུམ་དང་བྱེ་བ་བཞི་ས་ཡ་གཉིས་མངོན་འགྱུར་བྱུང་བ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ཞེ་བཞི་དང་གྲངས་ཆུང་དྲུག་ལེགས་འགྲུབ་བྱུང་བར་དུས་མཉམ་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་དགུ་འཕར། འཕར་ཚད་དེ་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་གྲངས་ཆུང་གཅིག་ལས་དམའ་བ་དང་དུས་ཚིགས་དང་བོ་དང་བསྡུར་ན་བརྒྱ་ཆའི་གྲངས་ཆུང་དགུ་ཇེ་མཐོར་སོང་ཡོད། དེའི་ནང་དུ། ཚོད་འཛིན་གྲངས་ཚད་ཡན་ཆད་ཀྱི་སྡེབ་ཚོང་དང་ཞག་འདུག བཟའ་བཅའི་ལས་རིགས་ཐད་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་གྲངས་སྒོར་དུང་ཕྱུར་དྲུག་དང་ས་ཡ་གཅིག་འཕར་སྣོན་བྱུང་བར་བརྒྱ་ཆའི་བཞི་དང་གྲངས་ཆུང་གཉིས་འཕར། ཚོད་འཛིན་གྲངས་ཚད་མན་ཆད་ཀྱི་སིལ་ཚོང་སྤྱི་གྲངས་སྒོར་དུང་ཕྱུར་བཅུ་བདུན་དང་བྱེ་བ་བཞི་ས་ཡ་གཅིག་མངོན་འགྱུར་བྱུང་བར་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་འཕར།

ཀན་ལྷོ་ཁུལ་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ལྷག་ཡོད་པར་དུས་མཉམ་ལས་སྒོར880འཕར་བ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་དྲུག་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་འཕར།འཕར་ཚད་དེ་དམིགས་འབེན་ལས་འགན་ལས་བརྒྱ་ཆའི་གྲངས་གནས་གཅིག་དང་ཚེག་གསུམ་མཐོ་བ་དང་། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཉིས་སྟོང་དང་བརྒྱ་ལྷག་ཡོད་པར་དུས་མཉམ་ལས་སྒོར186འཕར་བ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་གཉིས་ལེགས་འགྲུབ་བྱུང་བར་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར། འཕར་ཚད་དེ་དམིགས་འབེན་ལས་འགན་ལས་བརྒྱ་ཆའི་གྲངས་གནས་གཅིག་ཚེག་དྲུག་ལས་མཐོ་བ་བཅས་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།