ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གི་གནོད་སྐྱོན་ཐེབས་པའི་ཞིང་སྡེའི་གཞུང་ལམ93མྱུར་བཟོ་དང་ཤར་གཏོང་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཚུན་དུ། ཧྥུན་ཏས་གྲོང་རྡལ་གྱི་ཀོའུ་མོན་ནས་ཡང་ཧྲན་བར་དང་། རྐྱང་ཕན་ནས་རྣ་ཡུལ་བར་གྱི་ཞིང་སྡེའི་རིང་ཚད་ལ་སྤྱི་ལེ596.407ཡོད་པའི་གཞུང་ལམ93ཚང་མ་ཤར་གཏོང་བྱས་པ། 

གནོད་སྐྱོན་ཐེབས་པའི་གཞུང་ལམ་ཁྲོད་རྫོང་དང་ཤང་གི་གཞུང་ལམ9དང་སྡེ་བའི་གཞུང་ལམ107ཡོད་ལ། དྲག་ཆར་རྗེས་སུ། ཁུལ་དང་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འཕྲལ་དུ་ཆེད་ལས་ལག་རྩལ་བ་དང་འཕྲུལ་འཁོར་སྒྲིག་ཆས་རྩ་འཛུགས་བྱས་ཏེ་མགྱོགས་མྱུར་དུ་གནོད་སྐྱོན་ཐེབས་ཡུལ་དུ་སོང་བ་དང་། ཧུར་ཐག་གིས་ཤང་དང་གྲོང་རྡལ་ལ་མཐུན་སྦྱོར་གཞོགས་འདེགས་བྱས་ནས། ནུས་ཤུགས་ཡོད་རྒུས་གནོད་ཐེབས་ཁུལ་གྱི་གཞུང་ལམ་མྱུར་བཟོ་དང་ཤར་གཏོང་ཐུབ་པའི་བྱ་བའི་ཁྲོད་ཞུགས་པ་དང་། མྱུར་བཟོའི་ཁྲོད་ཞུགས་མཁན་བསྡོམས་པས་མི4300དང་འཕྲུལ་འཁོར75ལ་བསླེབས་པ་རེད།།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།