ཀྲུང་གོ་བོད་ཀྱི་དྲ་བ།

སྐབས24བའི་ལན་ཀྲོའུ་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་གཙོས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར8.12ནང་འདྲེན་བྱེད་པའི་གན་རྒྱ་བཞག་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས24བའི་ཀྲུང་གོའི་ལན་ཀྲོའུ་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལན་ཀྲོའུ་རུ་ཚོགས། གསར་འགོད་པས་ཀན་ལྷོ་ཁུལ་ཚོང་འགུག་དངུལ་འདྲེན་ལས་གཞི་སྤེལ་ཡུལ་དུ་གན་རྒྱ་འཇོག་པའི་བྱེད་སྒོའི་ཐོག་ཤེས་གསལ་ལྟར་ན། གཙོས་གྲོང་ཁྱེར་གྱིས་ཐེངས་འདིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་བརྗེ་རེས་ལས་སྟེགས་གཡར་ནས་ཤུགས་ཆེན་སྒོས་བརྒྱུད་བསྒྲགས་དང་མཚམས་སྦྱོར་བྱས་ལ་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་རྒྱ་ཁྱབ་ངང་འབྲེལ་མཐུད་བྱས་ནས་ཚོང་འགུག་དངུལ་འདྲེན་གྱི་གན་རྒྱ་བཞག་པར་འབྲས་བུ་གཡུར་དུ་ཟ་བ་བླངས་པ་མ་ཟད་ལས་གཞི 5ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར8.12ནང་འདྲེན་བྱས།

གཙོས་གྲོང་ཁྱེར་གྱིས་གན་རྒྱ་བཞག་པའི་ལས་གཞི5སྟེ་ཀན་ལྷོ་གཙོས་གྲོང་གི་ཅ་མེ་ཐང་ཆེན་གསར་སྤེལ་འཛུགས་སྐྲུན་ལས་གཞི་ལ་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར3.1ཡིན་པ་དང་། ཡུས་ཧའེ་གཞིས་ཁྱིམ་གསར་སྤེལ་འཛུགས་སྐྲུན་ལས་གཞི་ལ་སྤྱིའི་གཏོང་དངུལ་སྒོར་ཁྲི2700གཙོས་གྲོང་ཁྱེར་ཡུས་ཞིན་གཞིས་ཁུལ་གྱི་ཐབས་ཆག་ཁུལ་བསྒྱུར་བཅོས་ལས་གཞི་ལ་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར2.3ཡིན་པ། སྒྲིག་སྦྱོར་རང་བཞིན་གྱི་ཐོན་ལས་གཞི་རྩའི་ཁུལ་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར2.2ཀྲུང་གོའི་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཀན་ལྷོ་ཡན་ལག་དངུལ་ཁང་གི་ལས་གཞི་ལ་སྤྱིའི་གཏོང་དངུལ་སྒོར་ཁྲི2500བཅས་ཡིན།

ཐེངས་འདིའི་ལན་ཀྲོའུ་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག གཙོས་གྲོང་ཁྱེར་དངུལ་གཏོང་དང་མཉམ་ལས་བརྗེ་རེས་ཅུས་ཀྱིས“དངུལ་གཏོང་མཉམ་ལས”ཚོང་འགུག་དངུལ་འདྲེན་ལས་གཞིའི་དེབ་དང་དྲིལ་བསྒྲགས་དཔྱད་ཡིག500ལྷག་པར་དུ་བསྐྲུན་པ་དང་། འགྲེམ་སྟོན་ལྟེ་གནས་ཀྱི་ཚོགས་ར་གཙོ་བོ་དང་བརྗོད་བྱ་གཙོ་བོའི་གླེང་སྟེགས་ཀྱི་ཡན་ལག་བྱ་འགུལ་སྤེལ་ཡུལ་དུ་སོང་ནས་བཀྲམས་པ་དང་། དེ་དང་མཉམ་དུ་ཞིང་ཆེན་ཕྱི་ནང་གི་གཙོས་གྲོང་ཁྱེར་ལ་དངུལ་གཏོང་བའི་འདུན་པ་ཡོད་པའི་ཚོང་བ20ལྷག་གདན་དྲངས་ནས་ལས་གཞི་གལ་ཆེན་མཚམས་སྦྱོར་བྱེད་པའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལ་ཞུགས་པ་དང་། ཐོན་རྫས་མཚམས་སྦྱོར་དང་མཉམ་ལས་བརྒྱུད་བསྒྲགས་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱུང་ལ། གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།