ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་རང་འགུལ་གྱིས་གནས་བབ་གསར་བ་དང་བླང་བྱ་གསར་བར་བསྟུན་གང་ཐུབ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་མང་ཚོགས་ཁྲོད་ཞབས་ཞུ་དང་དམངས་འཚོ་འགན་སྲུང་བྱེད་པའི་བྱ་བའི་ཁྱོན་ཡོངས་སུ་བཞག་ནས། མུ་མཐུད་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། རང་འགུལ་གྱིས་གཞི་རིམ་དུ་སྐྱོད་པ། ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབས།
སྟོབས་ཤུགས་གང་ལེགས་སྒོས་བསྐོ་འཐེན་བྱས་ནས་རོགས་སྐྱོར་བྱ་བའི་ཚན་ཆུང་གྲུབ་སྟེ། སྟག་མོ་སྡེ་བའི་ཁྱིམ་ཚང་དུ་འཚམས་འདྲིར་སོང་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས། རོགས་སྐྱོར་ཁྱིམ་ཚང་གི་ཁོངས་མི་དང་ཡོང་འབབ་གཙོ་བོའི་ཡོང་ཁུངས། སྡོད་ཁང་སོགས་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་རོགས་སྐྱོར་འཆར་གཞི་གཏན་འབེབས་བྱས། 《གཙོས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་བདམས་བསྒྲིགས》པར་དུ་བཏབ་ནས། རོང་འབྲོག་པ་མང་ཚོགས་དང་འབྲེལ་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁྱིམ་ཚང་དུ་བརྒྱུད་བསྒྲགས་བྱས། “ངེས་པར་དུ་དྲིལ་བསྒྲགས་བྱ་དགོས་པ་གཉིས་དང་ངེས་པར་དུ་འདྲི་དགོས་པའི་གནད་དོན་གསུམ། ངེས་པར་དུ་བསྐྱོད་དགོས་པ་གཉིས”ཀྱི་ཁྱིམ་ཞུགས་བྱ་ཐབས་གཏན་འབེབས་བྱས་པ་སྟེ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱ་དགོས་པ་དང་། མང་ཚོགས་ཀྱི་དཀའ་ཁག་དང་རེ་འདུན། མང་ཚོགས་ཀྱི་གོང་འཕེལ་གྱི་རིག་ལམ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ངེས་པར་དུ་འདྲི་དགོས་པ།
2017ལོ་ནས་བཟུང་། གཙོས་གྲོར་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ལོ་སར་སོགས་དུས་ཆེན་གྱི་སྐབས་སུ་དབུལ་ཕོངས་ཁྱིམ་ཚང་ལ་རིན་ཐང་སྒོར་ཁྲི2ལྷག་གི་འཚོ་བའི་མཁོ་རྫས་བསྐྱལ་བ་དང་། སྡེ་བའི་ནང་དུ་སྤོ་ལོའི་སྒྲོམ་གཞི1བཙུགས་པ་དང་སྒོར་ཁྲི3ལྷག་གིས་རྡོ་སོལ་ཉོས་ཤིང་། བོད་རྒྱ་སྐད་གཉིས་ཀྱི་ཏང་འཛུགས་ཤེས་བྱའི་ལག་དེབ་དང་ཞི་ཅིན་ཕིང་གིས་གཏམ་རྒྱུད་བཤད་པ་སོགས་དཔེ་ཆ120སྤྲད། གཞི་རིམ་ཏང་འཛུགས་མཉམ་སྐྲུན་གྱི་བླང་བྱ་ལྟར་ཏང་ཡོན་གྱི་བྱ་འགུལ་ཁང་སྒྲིག་གསོ་བྱས་ཤིང་། གཞུང་སྒྲུབ་སྒྲིག་ཆས་ཉོས་པ་དང་སྡེ་བའི་ཀྲི་པུའུ་གཞུང་སྒྲུབ་ཁང་དུ་དྲ་རྒྱ་འཐེན་ནས། དབུལ་ཕོངས་ཁྱིམ་ཚང་དང་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་གི་དོན་དངོས་ཀྱི་དཀའ་ཁག་ཐག་བཅད།།