ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས “ ཡུལ་སྐོར་གྱིས་ཁུལ་དར་སྤེལ་དུ་གཏོང་བའི” འཐབ་ཇུས་ལག་ལེན་བྱས་ནས་བོད་ཁུལ་གྱི་ཡུལ་སྐོར་རིག་གནས་ཆས་རྟགས་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲ་རྒྱའི་སྟེང་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་འདི་དག་རིང་ལ།  ཀན་ལྷོ་ཁུལ་གྱིས“ཡུལ་སྐོར་གྱིས་ཁུལ་དར་སྤེལ་དུ་གཏོང་བའི” འཐབ་ཇུས་ལག་ལེན་གཏིང་ཟབ་དུ་བསྟར་ནས། དུས་རབས་ཀྱི་ཁྱད་ཆོས་དང་བོད་ཁུལ་གྱི་ཁྱད་ཆོས་ལྡན་པ། ད་དུང་ཀན་ལྷོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཐོག་མར་འཚོལ་ཞིབ་བྱས།  

ཀན་ལྷོས་ཏང་སྲིད་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གཉིས་ཀྱི་འགན་འཁུར་བའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགོ་ཁྲིད་ཚན་ཆུང་བཙུགས་ནས།   ཚད་གཞི་མཐོ་ཞིང་གཞི་ཁྱོན་ཆེ་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ་དང་། ཤུགས་ཆེན་པོས་ཁུལ་དང་རྫོང་།གྲོང་ཁྱེར་ཡུལ་སྐོར་སྡེ་ཁག་གི་“ཅུའུ་” དེ་“ཨུ་ལྷན་”དུ་བསྒྱུར་བའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཡེ་ལི་ཀོན་དང་བླ་བྲང་། བྲག་སྒམ་ནང་གྲོང་བརྡལ་སོགས་ཀྱི་མཛེས་ལྗོངས་ཁུལ་གྱི་དོ་དམ་ཨུ་ལྷན་གྱི་སྒྲིག་འཛུགས་ལེགས་འགྲུབ་བྱས། རིག་གནས་དང་ཡུལ་སྐོར། འགྲིམ་འགྲུལ། འཛུགས་སྐྲུན་བཅས་ཀྱི་ཚོགས་སྒྲིལ་ནུས་པ་འདོན་སྤེལ་བྱས་ཤིང་། མ་དངུལ་དུང་ཕྱུར5.2མཉམ་འདྲེས་ལེགས་འགྲུབ་བྱས།

ཀན་ལྷོས་ཡེ་ལི་ཀོན་དང་བླ་བྲང་། བྲག་སྒམ་ནང་གི མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ ། མ་དངུལ་སྒོར་དུང་ཕྱུར7.22བཏང་ནས་ཡུལ་སྐོར་རྣམ་གྲངས 43ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་A རིམ་པའི་མཛེས་ལྗོངས་ཁུལ27ལ་རིམ་སྤོར་སྒྱུར་བཀོད་བྱས་ཤིང་། ད་ལྟ་རྒྱལ་ཁབ་ཀྱི A4 རིམ་པའི་མཛེས་ལྗོངས་ཁུལ7དང་། 3Aརིམ་པའི་མཛེས་ལྗོངས་ཁུལ12དང་། 2Aརིམ་པའི་མཛེས་ལྗོངས་ཁུལ12བཅས་ཡོད། ཤུགས་ཆེན་པོས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་་བཏང་བ་དང་། ཡུལ་སྐོར་ཆེད་ལས་གྲོང་ཚོ126འཛུགས་སྐྲུན་བྱས་ཡོད།རིག་གནས་ཡུལ་སྐོར་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས14མཐུད་སྐྲུན་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར104བཏང་ཡོད། རིག་གནས་ཡུལ་སྐོར་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས་18ལ་གསར་དུ་གན་རྒྱ་བཞག་པ་དང་ །བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.7འབྱོར་ཡོད།

     གཙོ་གནད་སྨྱན་སྦྱོར་ཁག་དུ་དྲིལ་བསྒྲགས་བརྙན་རིས་བརྒྱུད་གཏོང་བྱས་ཏེ། གཅིག་བསྡུས་ཀྱིས་ཀན་ལྷོའི་ཡུལ་སྐོར་ལན་ཀྲོའུ་དང་ཐེན་ཅིན་དུ། ཤིས་ཨན། ཁྲེང་ཏུའུ།  ཁྲུང་ཆིང་བཅས་སུ་བསྐྱོད་པའི་བྱ་འགུལ་སྤེལ། ད་དུང་ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་དྲིལ་བསྒྲགས་དཔུང་ཁག་བཙུགས་ནས། ཁུལ་ཡོངས་ཀྱི་ཡུལ་སྐོར་VI སྣང་བརྙན་ཇུས་འགོད་བྱས་པ་མ་ཟད་བེད་སྤྱོད་གཏོང་བ་ལེགས་འགྲུབ་བྱས། དུས་ཆེན་གྱི་འདུ་ཚོགས་ཀྱི་ཆས་རྟགས་གསོ་སྐྱོང་ལ་དོ་སྣང་བྱས་ཏེ། “རྫོང་རེ་ལ་དུས་ཆེན་རེ།  རྫོང་རེ་ལ་འགྲན་བསྡུར་རེ”ཡོད་པར་སྐུལ་སྤེལ་བྱས་ཤིང་། བདེ་བླག་ངང་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་སྐོར་བྲོ་འགྲན་བསྡུར། རྟ་རྒྱུགས་སོགས་ཀྱི་དུས་སྟོན་རབ་དང་རིམ་པ་སྤེལ།    ། (ལྟ་སྦྱོང་སློབ་མ་བཀྲ་ཤིས་སྒྲོལ་མས་བསྒྱུར།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།