ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་དགུའི་གནད་འཕིགས་དབུལ་སྐྱོར་བྱ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་གནད་འཕིགས་དབུལ་སྐྱོར་བྱ་བར་སྐུལ་འདེད་བཏང་།

ཀན་ལྷོ་ཁུལ་གྱིས“1+18”གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་ཐར་གྱི་སྒྲིག་བཀོད་ལག་བསྟར་བསམ་འཆར་དང་ཇུས་གཞི་བཟོས་བ་དང་། དེའི་ཁོངས་གཏོགས་ཀྱི་རྫོང་དང་གྲོང་ཁྱེར་གྱིས“1+19”“1+20”སོགས་ཀྱི་ཡིག་ཆ་བཟོས། རྫོང་དང་གྲོང་ཁྱེར་ཁག་གིས་ཡིག་ཚགས་དང་བྱང་བུ་བཟོ་བའི་རྨང་གཞི་སྟེང་། སྡེ་བ་དང་དུད་ཚང་རེ་རེ་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་དབྱེ་ཞིབ་བྱས་ནས་གནད་འཕིགས་དབུལ་སྐྱོར་གྱི་སྒྲིག་བཀོད་ཡིག་ཆ་དང་སྦྲེལ་ཏེ། ནད་ལ་ལྟས་ནས་སྨན་སྟེར་བ་ཇི་བཞིན་ཞིབ་འཇུག་བྱས་མཐར་མཉམ་ལས་ཁང་གིས་སྣེ་ཁྲིད་པ་དང་། སྡེ་བའི་དུད་ཚང་གིས་མཉམ་སྤྱོད། དམིགས་འཛུགས་ཆད་གསབ། ཁུལ་གྱི་ཕྱོགས་བསྡུས་ལེགས་བཅོས། ས་གཞི་འཁོར་རྒྱུག་སོགས་གནད་འཕིགས་དབུལ་སྐྱོར་གྱི་རྣམ་པ་ལྔ་བཏོན་པས། དབུལ་སྐྱོར་བྱ་བའི་གཞི་རྩའི་སྟེང་“ཆུ་ཆེན་ཁེབས་གཏོང་” ནས“སྦུ་གུས་ཞིང་ཆུ་འདྲེན་པ”ཡི་འགྱུར་ལྡོག་མངོན་འགྱུར་བྱས་ཡོད། མིག་སྔའི་ཚུན་དུ། ཁུལ་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་ཁྲི22595དང་། ཁུལ་དང་རྫོང་། གྲོང་ཁྱེར་གྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི3157.76ལྷག་དོན་འཁྱོལ་བྱས།  ཁུལ་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་གནད་ཤིན་ཏུ་ཆེ་བའི་ཁུལ18དམིགས་ཏུ་བཟུང་ནས་རིགས་སོ་སོའི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར7.6ལེགས་སྒྲིག་བྱས་པ་མ་ཟད། ད་དུང་ཙུར་ཐག་སྒོས་ཞིང་ཆེན་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་སྦྲེལ་མཐུད་བྱས་ནས་ཕན་ཚུན་རོགས་རམ་གྱི་མ་དངུལ་ཡོངས་སུ་ཁྱབ་པའི་ལས་གཞི་འགོ་ཚུགས་པ་དང་། ལོ་མཇུག་ཏུ་སླེབས་པ་ན་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བར་ཕན་ཚུན་རོགས་རམ་མ་དངུལ་གྱི་རོགས་སྐྱོབ་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།