ཀྲུང་གོ་བོད་ཀྱི་དྲ་བ།

​“དམིགས་པ་བདུན”ལ་བརྟེན་ནས་ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱེད་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“དམིགས་པ་བདུན”ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་དམ་འཛིན་དང་། དབུལ་ཕོངས་སྡེ་བ་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གྲོང་སྡེའི་སྤྱིའི་རྣམ་པ་མཐོར་འདེགས་དང་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་བརྟན་པོའི་ངང་འཕར་བར་རོགས་འདེགས་བྱ་རྒྱུ་རེད།

“དབུལ”ལ་དམིགས་པ་གཏད་ནས་གནས་གཏན་ཁེལ་གྱིས་ལས་གཞི་བཀོད་སྒྲིག་བྱེད་པ། མི་འདང་སར་ཁ་གསབ་དང་ཞན་ས་ཇེ་དྲག་ཏུ་གཏོང་བ། དོག་ས་ནས་ཐར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ད་ལོར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་སུམ་ཆའི་གཉིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་དང་ཞིང་ཆེན་དང་ཁུལ་རིམ་པའི་དབུལ་ཚད་ཟབ་པའི་སྡེ་བར་བཀོད་སྒྲིག་བྱས་ནས། དབུལ་ཕོངས་སྡེ་བའི་དབུལ་ཐར་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ།

“ཁྱད”ལ་དམིགས་པ་གཏད་ནས་སྡེ་བའི་རང་གཤིས་ཕྱིར་མངོན་པ། “སྡེ་བ་རེར་སྲོལ་རེ་དང་རང་གཤིས་མངོན”པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྱད་ཆོས་འབུར་དུ་ཐོན་པ་ལས། “སྡེ་བརྒྱ་སྣ་གཅིག”ཅན་གྱི་འཛུགས་སྐྲུན་སྔོན་འགོག་བྱ་རྒྱུ།

“མགྱོགས”ལ་དམིགས་པ་གཏད་ནས་འཆར་གཞི་བཟོ་འགོད་བྱེད་པ། “འགོ་འཛུགས་ས་མཐོན་པོ་ནས་འཆར་འགོད་དང་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་འཆར་གཞིའི་ཚད་རིམ་དང་སྤུས་ཚད་ལ་མཐོང་ཆེན་བྱེད་པ་དང་། འཛུགས་སྐྲུན་ཇུས་འགོད་དང་འཛུགས་སྐྲུན་འཆར་གཞིའི་བཟོ་འགོད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།

“དངོས”ལ་དམིགས་པ་གཏད་ནས་མ་དངུལ་གཏོང་ཚད་བཀོད་སྒྲིག་ལུགས་མཐུན་བྱེད་པ། དོན་དངོས་ནས་འགོ་བརྩམས་ཏེ་སྡེ་ཆུང་སྡེ་ཆེན་གྱི་འཛུགས་སྐྲུན་མི་བྱེད་པར་འདྲ་མཉམ་རིང་ལུགས་ཀྱིས་མ་དངུལ་གཏོང་བ་དང་འགོར་འགྱངས་མི་བྱེད་པར། མ་དངུལ་སྤྱོད་པའི་ཕན་ཁེ་མཐོར་འདེགས་སུ་གཏོང་རྒྱུ།

“མཛེས”ལ་དམིགས་པ་གཏད་ནས་ལས་གཞི་འཛུགས་སྐྲུན་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་ཕྱིའི་མཛེས་པ་དང་ནང་གི་མཛེས་པ་གཉིས་ཀར་དོ་སྣང་བྱ་དགོས་པས། གཙང་དག་དང་སྲ་འགྱུར། ལྗང་མདོག  རིག་གནས་སོགས“འགྱུར་དྲུག”ལས་གྲྭ་ལག་ལེན་དུ་བསྟར་ཏེ་སྡེ་བའི་སྤྱིའི་རྣམ་པ་ཇེ་མཐོར་གཏོང་རྒྱུ།

“ལས”ལ་དམིགས་པ་གཏད་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་དུ་འཇུག་པ། “ཉུང་ལ་རྨད་བྱུང་དང་ཁྱད་འཕགས”ཐོན་ལས་ཀྱི་གནས་ཐིག་འབུར་ཐོན་བྱས་ཏེ་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་མགྱོགས་པོར་གོང་འཕེལ་གཏོང་བ་དང་། རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་བརྟན་པོའི་ངང་འཕར་བར་རོགས་འདེགས་བྱ་རྒྱུ།

“གཟབ”ལ་དམིགས་པ་གཏད་ནས་ལས་གཞི་ཞིབ་བཤེར་རྩིས་ལེན་བྱེད་པ། རྫོང་སོ་སོ་དང་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་ལས་གཞི་ཞིབ་བཤེར་རྩིས་ལེན་བྱེད་པའི་གྲ་སྒྲིག་བྱ་བ་དམ་འཛིན་བྱས་ཏེ། 2016ལོའི་ལས་གཞི་ཟླ6པའི་མཇུག་ཏུ་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་འབྱུང་དགོས་ལ། 2017ལོ་དང2018ལོའི་ལས་གཞི་ཟླ12པའི་མཇུག་ལ་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་འབྱུང་དགོས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།