ཀྲུང་གོ་བོད་ཀྱི་དྲ་བ།

རྟ་རྒྱུག་འགྲན་བསྡུར་ལ་མི་མང་པོ་ལྟད་མོར་ལྟ་བར་སླེབས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201805221547192986703306.jpg

F201805221547236436703307.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས20ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཆི་ཧྥེང་བོད་རིགས་ཤང་འཇམ་དབྱངས་དགོན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རྟ་རྒྱུག་འགྲན་བསྡུར་ཆེན་པོ་ཞིག་བྱས་པ་དང་། ས་གནས་དེ་གའི་མི་སྟོང་ལྷག་ཙམ་འཇམ་དབྱངས་དགོན་མཛེས་ལྗོངས་ཁུལ་དུ་ལྟད་མོ་ལྟ་བ་དང་སྤྲོ་གསེང་དུ་ཡོང་བ་རེད།

F201805221547280986703308.jpg

ཐེངས་འདིའི་བྱེད་སྒོ་ནི"གནས་མཆོག་འཇམ་དབྱངས། མཛེས་སྡུག་བོད་ཁུལ"ཞེས་པ་བརྗོད་གཞིར་བྱས་ནས། མི་རིགས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུངསྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུད་འཛིན། ཡུས་ཀུའུ་རིགས་ཀྱི་རང་སྐྱོང་རྫོང་གི་ཁྱད་དུ་འཕགས་པའི་མི་ཆོས་ཀྱི་མཛེས་སྡུག་དང་མི་རིགས་ཀྱི་གོམས་སྲོལ་ངོམ་སྟོན་བཅས་དམིགས་ཡུལ་དུ་འཛིན་ཆེད་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།