ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་གཞན་ཡུལ་དུ་གནས་སྤར་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ཉིན་འགའི་སྔོན་ལ། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཤང་སྔགས་པ་སྡེ་བའི་དགུང་ལོ62ཡིན་པའི་སྡེ་མི་ཁྲིན་ཀའོ་ལོ་ཡིས“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོའི་འོག་ངས་ཚེ་མཇུག་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་སོང”ཞེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད།

སྔགས་པ་སྡེ་བས་རི་མགོ་ནས་འཚོ་བ་རོལ་ནས་མི་རབས་ལྔ་འགོར་ཡོད་དེ། སྔོན་ཆད་ལོ་སར་སྐབས་སུ་སྦག་སྦག་འཁོར་ལོ་ཞོན་ནས་གྲོང་ཁྱེར་དུ་ལོ་སར་གྱི་ཅ་ལག་ཉོ་རུ་འགྲོ་དགོས་ལ། རི་འདབས་ནས་ཅ་ལག་ཚང་མ་རྒྱབ་ལ་འཁུར་ནས་ཡུལ་ལ་ཡོང་དགོས་པ་རེད། སློབ་གྲྭར་འགྲོ་བའམ་སྟབས་བདེ་མིན་ཏེ། ཁྱིམ་ནས་སློབ་གྲྭའི་བར་དུ་ལམ་ཐག་ཆུ་ཚོད1ལྷག་བརྒྱུད་དགོས། ན་ནིང་གི་ཟླ10བའི་ནང་གཞན་ཡུལ་དུ་གནས་སྤར་བ་ནས་བཟུང་འགྲིམ་འགྲུལ་དང་། སློབ་གྲྭར་འགྲོ་བ། ནད་ལ་བལྟ་བ་སོགས་སྟབས་བདེ་ཡིན་པ་མ་ཟད། ད་དུང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དུ་ནོར་ལུག་གསོ་སྤེལ་དྲོད་ཁང་བསྐྲུན་ཡོད། 

སྔགས་པ་སྡེ་བ་ནི་ཁ་གྱ་སྟོད་ཤང་གི་ལྷོ་ནུབ་ཕྱོགས་སུ་གནས་ཡོད་ལ། སྡེ་བ་ནི་ལུང་ཁུག་གི་རི་ངོས་སུ་ཆགས་ཡོད་པ་དང་། རང་བྱུང་གི་ཆ་རྐྱེན་ཞན་པ། འགྲིམ་འགྲུལ་སྟབས་མི་བདེ་བ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། ཐོན་སྐྱེད་འཚོ་བ་དཀའ་སྡུག་ཆེ་བ་ཡིན།

སྔགས་པ་སྡེ་བར་དུད་ཁྱིམ7དང་མི་གྲངས27ཡོད། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང3དང་མི་གྲངས12ཡོད། སྔགས་པ་སྡེ་བའི་མང་ཚོགས་ཀྱི་སྡོད་ཁང་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བསྒྱུར་བྱ་ཆེད། གཙོས་གྲོང་ཁྱེར་གྱིས“བདེ་སྡོད་ལས་བརྩོན་མཉམ་སྤེལ་དང་། གནས་སྤོར་དང་དབུལ་ཐར་མཉམ་འགྲོ”བྱེད་པའི་རྩ་དོན་དང་དམ་དུ་སྦྲེལ་ནས། གཞན་ཡུལ་དུ་གནས་སྤར་ཏེ་གནད་ཁེལ་དབུལ་ཐར་ལ་སྐུལ་འདེད་གཏོང་བ་དམིགས་འབེན་དུ་བཟུང་སྟེ། གཏིང་ཟབ་སྒོས་བརྟག་ཞིབ་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས། སྡེ་བ་དང་བསྟུན་ནས་ཇུས་གཞི་བཏོན་པ་དང་། ཁྱོན་ཡོངས་སྐུལ་སྤེལ་བཏང་སྟེ། སྔགས་པ་སྡེ་བ་གཞན་ཡུལ་དུ་གནས་སྤོར་བྱེད་པའི་ལས་གཞིའི་ཁྲོད་དུ་བཞག་པ་རེད།

གནས་སྤོར་བྱེད་ཡུལ་སོ་སོའི་ས་ཁོངས་ཀྱི་ལེགས་ཆ་དང་མང་ཚོགས་ཀྱི་དུས་ཡུན་རིང་བོའི་འཚོ་བའི་གོམས་གཤིས་ལ་གཞིགས་ནས། གཙོས་གྲོང་ཁྱེར་གྱིས་ཆེད་སྤྱོད་མ་དངུལ་སྣ་ཚོགས་སྡེབ་སྒྲིག་བྱས་ཏེ་གཅིག་བསྡུས་སྒོས་གསོ་སྤེལ་ས་ཚིགས་འཛུགས་སྐྲུན་བྱས་པ་དང་། གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། དབུལ་སྐྱོར་ཅུས། ཚན་རྩལ་ཅུས་སོགས་སྡེ་ཁག་གིས་རྩ་འཛུགས་བྱས་པའི་རོང་འབྲོག་སྡེ་བའི་ལག་རྩལ་གསོ་སྦྱོང་ལས་གཞི་དང་ཟུང་འབྲེལ་བྱས་ནས། ཤུགས་ཆེན་པོས་གནས་སྤར་མང་ཚོགས་ལ་ཆེད་ལས་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། གནས་སྤར་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་དུ་བཏང།

སྔགས་པ་སྡེ་བའི་གསོ་ཁང་དུ་ནོར44དང་། ལུག193ཡོད་དེ། “གསོ་སྤེལ་མཉམ་ལས་ཁང+ཞིང་ཁྱིམ་རང་གིས་གསོ་བ+མཉམ་ལས་ཁང་གིས་ཕྱིར་ཚོང་བྱེད་པའི”ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་ཡོད། དུད་ཁྱིམ་རེ་ལ་སྒོར1000རེ་བགོས་པ་མ་ཟད། ཕྱོགས་གཞན་ནས་ཁེ་བཟང་བཟས་ནས་ཐོབ་པའི་དངུལ་ཚང་མ་མཉམ་ལས་ཁང་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་བཀོལ་བ་རེད།

ཉེ་བའི་ལོ་འགའི་ནང་དུ། གཙོས་གྲོང་ཁྱེར་གྱིས་གཞན་ཡུལ་དུ་གནས་སྤོར་བྱེད་པའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཤུགས་ཡོད་རྒུས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བྱས་པ་དང་། དུས་མཚུངས་སུ། གནད་ཁེལ་དབུལ་ཐར་དང་རྣམ་པ་གསར་བའི་གྲོང་རྡལ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོང་འབྲིང་སྡེ་བ་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་བརྩོན་སྒོས་དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་བྱས་ནས་བོད་ལུག་དང་བ་གླང་། འབྲི་གཡག་སོགས་ཀྱི་གསོ་སྤེལ་འཕེལ་རྒྱས་སུ་བཏང་།

མིག་སྔར་ཐུག་བར་དུ། གཙོས་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི9932བཏང་ནས་དུད་ཁྱིམ461དང་མི་གྲངས2925གཞན་ཡུལ་དུ་གནས་སྤར་བ་དང་། གནས་སྤོར་བྱེད་ཡུལ9འཛུགས་སྐྲུན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།