ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་ནག་ཚོགས་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འཐབ་རྩོད་ལ་ཐོག་མའི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཚོགས་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་རྡུང་རྡེག་བྱ་ཡུལ་གཙོ་བོ12དང་གཙོས་གྲོང་ཁྱེར་གྱིས་རྡུང་རྡེག་ནན་པོ་བཏང་བའི་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད24ལ་དམ་དུ་དམིགས་ཤིང་། སྤྱི་བདེ་མ་ལག་གི“རྡུང་རྡེག་གསུམ་དང་སྒྲིག་བཅོས་གཅིག”གི་ཆེད་དོན་བྱ་འགུལ་ལ་ཟུང་འབྲེལ་བྱས་ཏེ། གཙོས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ཀྱིས་བསམ་འཆར་མང་བོ་འདོན་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་གྱོད་དོན་དཔེ་གཞི་འགའ་མྱུལ་ཞིབ་བྱས་པས། གཙོས་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་ནུས་ལྡན་སྒོས་གཙང་བཟོ་བྱས།

ཆ་འཕྲིན་ཅན་དང་སྲོལ་རྒྱུན་ཅན་གྱི་བྱ་ཐབས་ཟུང་འབྲེལ་བྱས་ཏེ། ཡུན་རིང་ལས་གཉེར་དང་མྱུལ་ཞིབ་ཞིབ་ཚགས། ཟབ་བཤེར་ནན་དཔྱད་བྱས་ཏེ། བུད་མེད་ཀྱི་སྨད་འཚོང་ངོ་སྤྲོད་དང་རྟེན་ཉར་བྱེད་པའི་ངན་ཚོགས་གྱོད་གཞི1མྱུལ་ཞིབ་བྱས་པ་དང་། གྱོད་འབྲེལ་དོགས་ཡོད་ཉེས་ཅན14འཛིན་བཟུང་བྱས། དེའི་ཁྲོད་དུ་ཉེས་དོན་བཀག་ཉར་བྱས་པའི་མི3དང་སྲིད་འཛིན་བཀག་ཉར་བྱས་པའི་མི2བསླབ་འདོམས་བྱས་པའི་མི9ཡོད། མགོ་སྐོར་གཡོ་ལེན་བྱས་པའི་གྱོད་གཞི 2མྱུལ་ཞིབ་བྱས་ཤིང་། དོགས་ཡོད་ཉེས་ཅན་པ2འཛིན་བཟུང་བྱས་པ་དང་། ཞིང་ཆེན་གཞན་གྱི་དྲ་ཐོག་ནས་བྲོས་འདེད་བྱེད་པའི་ཞིང་ཆེན་གཞན་གྱི་མི1འཛིན་བཟུང་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།