ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་བྱ་བ་སྤེལ་བ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས“དུས་བདེའི་གཙོས་གྲོང”འཛུགས་སྐྲུན་བྱེད་པའི་བརྗོད་བྱ་གཙོ་བོ་འདི་དང་དམ་འབྲེལ་བྱས་ཏེ། ནན་ཏན་སྒོས“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། “ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི”དམིགས་འབེན་མངོན་འགྱུར་ཡོང་བར་དམིགས་ཏེ། ཧུར་བརྩོན་སྒོས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བཀུར་བ་དང་། ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པའི་རྣམ་པ་ལེགས་པོ་བཞེངས་སྐྲུན་བྱས་ཏེ། ཁྲིམས་སྐྱོང་འདུ་ཤེས་ཁྱབ་སྤེལ་དང་། མང་ཚོགས་ཀྱི་རེ་ཞུ་ཤར་བསྐྱོད་བྱེད་པ། བཅའ་ཁྲིམས་ཀྱི་དགོས་མཁོ་འགན་སྲུང་བྱེད་པ། སྤྱི་ཚོགས་གཏན་འཇགས་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་ལྡན་གྱི་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་མཁོ་འདོན་བྱས།

ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་བ་དེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་རྩྭ་ས་དང་ས་མཚམས་རྩོད་གླེང་འདུམ་སྒྲིག་བྱེད་པའི་ཚད་རྟོལ་ས་དང་འཇུག་སྒོ་རུ་ངོས་བཟུང་སྟེ། གཙོ་བོར་མཛོ་རྫི་ཁོག་ཏུ་བྱུང་བའི་གཏེར་རྫས་བརྐུས་པ་དང་། རྒྱག་རེས་བྱེད་པ་སོགས་སྤྱི་ཚོགས་བདེ་འཇགས་ཀྱི་འབུར་ཐོན་གནད་དོན་དང་། མཛོད་དགེ་སྟོད་མ་ཤང་དུང་ཁྱུང་སྡེ་བ་དང་ཅོ་ནེ་རྫོང་ཁང་ཐོག་ཤང་བེའུ་རྫི་སྡེ་བ་གཉིས་ཀྱི་ས་མཚམས་རྩོད་གླེང་བཅས་ལ་ཁ་གཏད་དེ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཙོ་གནད་ས་ཁུལ་འདི་དག་ཏུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱ་འགུལ་སྤེལ་ནས། གཙོ་གནད་ས་ཁུལ་གྱི་ཁྲིམས་ལུགས་ཁྱབ་གདལ་སྟོབས་ཤུགས་ལ་ཤུགས་བསྣན་པ་དང་། སྒྲོག་འགྲེལ་ཚོགས་འདུ་ཚོགས་པ། ཁྱིམ་ཚང་དུ་ཞུགས་ནས་དྲིལ་བསྒྲབས་བྱས་པ། བརྗོད་བྱ་གཙོ་བོའི་བྱ་འགུལ་སྤེལ་བ། ཆེད་དོན་གསོ་སྦྱོང་བྱས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་བ་སྤེལ་ཏེ། གཞི་རྩའི་སྟེང་ཕན་ནུས་ལྡན་པའི་སྒོ་ནས་རོང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཞན་པ་དང་ཁྲིམས་ལུགས་ཤེས་བྱ་མི་ཤེས་པའི་དཀའ་གནད་སེལ་བ་དང་། དུས་ཐོག་ཏུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་བྱ་བའི་འཆར་གཞི་གཏན་འབེབས་བྱས་ནས། སྣ་བུག་ཤང་དང་མཛོད་དགེ་སྟོད་མ་ཤང་། འབྲེལ་གཉིས་ལས་ཁུངས་བཅས་མཉམ་འབྲེལ་བྱས་ནས་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་ཚོགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་བཅས་བྱས་ཏེ། ཁྲིམས་ལུགས་དྲིལ་བསྒྲཊ་ཀྱི་ཁོར་ཡུག་ཆེན་པོ་ཆགས་པར་བྱས། ལྷག་པར་དུ་དྲིལ་བསྒྲཊ་བྱ་བའི་ཚན་ཆུང་མཛོ་རྫི་སྲིད་འཛིན་སྡེ་བའི་སྡེ་དམངས་ཚན་ཆུང13ལ་ཞུགས་ནས་ཁྲིམས་ལུགས་ཁྱབ་གདལ་ཁྱིམ་ཚང་དུ་བསྐྱོད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ། སྔ་རྗེས་སུ་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་ཚར 400ལྷག་བཀྲམ་པ་དང་། ཆེད་དོན་སྒྲོག་འགྲེལ་ཐེངས 7བྱས་ཏེ། སྡེ་བ་ནས་ཁྱིམ་ཚང་མི་ལུས་པ་དང་ཁྱིམ་ཚང་ནས་མི་མི་ལུས་པ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།